e-texts navigator
Collection
Volume
Page
Wylie

260a1 ཀྱིས་བཀའ་སྩལ་པ། ངས་ཡང་དག་པར་བཤད་པར་བྱ་བ་ལས་དེང་ཁྱོད་ཀྱིས་ལེགས་པར་ནུ་བཟླས་པ་ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་དགེ་སློང་ངམ། དགེ་སློང་མ
260a2 འམ། རྒྱལ་པོའི་བུ་འམ། རྒྱལ་ཕྲན་ནམ། བློན་པོ་རྣམས་སམ། དམངས་ཀྱང་རུང་སྟེ། གང་སྲི་ཞུ་སྤྱོད་ཅིང་སྙིང་བརྩེ་བ་དང་བཅས་པ་དེ་དག་གིས་ཀྱང་། ད་ལྟར་གྱི་ཕ་མ་དང་།
260a3 རབས་བདུན་ཚུན་ཆད་ཀྱི་ཕ་མའི་ཆེད་དུ་སྟོན་ཟླ་ར་བ་ཉ་ལ། དེ་བཞིན་གཤེགས་པ་རྣམས་དགྱེས་ཤིང་། དགེ་འདུན་དགག་དབྱེ་བྱེད་པའི་ཚེ་རོ་བརྒྱ་དང་ལྡན་པའི་ཟས་རྣམས་སྣོད་དུ་བཀང་སྟེ
260a4 ཕྱོགས་བཅུའི་དགེ་འདུན་དགག་དབྱེ་བྱེད་པའི་མཆོད་ནས། ད་ལྟར་གྱི་ཕ་མ་ལོ་བརྒྱའི་བར་དུ་ན་བ་མེད་ཅིང་སྡུག་བསྔལ་གྱི་མི་བདེ་བ་རྣམས་མེད་པ་དང་། རབས་བདུན་ཚུན་ཆད་ཀྱི་ཕ་མ
260a5 ཡང་ཡི་དགས་ལྟོགས་པའི་སྡུག་བསྔལ་དང་བྲལ་ཏེ། ལྷ་དང་མིའི་ནང་དུ་སྐྱེས་ནས། བསོད་ནམས་ཀྱི་བདེ་བ་ཐུག་པ་མེད་པ་མྱོང་བར་སྨོན་ལམ་གདབ་པར་བྱའོ།། སངས་རྒྱས་ཀྱི་ཉན་ཐོས
260a6 གང་སྲི་ཞུ་བསྒྲུབ་པ། ད་ལྟར་གྱི་ཕ་མ་དང་། རབས་བདུན་ཚུན་ཆད་ཀྱི་ཕ་མ་རྟག་ཏུ་རྗེས་སུ་དྲན་པ་དེ་དག་གིས་ཀྱང་། ལོ་རེ་བཞིན་དུ་སྟོན་ཟླ་ར་བ་ཉ་ལ་རྟག་པར་སྲི་ཞུ་དང་། སྙིང་བརྩེ
260a7 བས་ད་ལྟར་གྱི་ཕ་མ་དང་། རབས་བདུན་ཚུན་ཆད་ཀྱི་ཕ་མའི་ཆེད་དུ་ཡོངས་སུ་སྐྱོབ་པའི་སྣོད་བཤམས་ཏེ། དེ་བཞིན་གཤེགས་པ་དང་དགེ་འདུན་མཆོད་ནས། ཕ་མའི་སྙིང་བརྩེ




iiif viewer powered by OpenSeadragon

259b - 260b

Texts on this page

S266 - 'phags pa yongs su skyob pa'i snod ces bya ba'i mdo