e-texts navigator
Collection
Volume
Page
Wylie

259b1 བཅུའི་དགེ་འདུན་རྣམས་ལ། དགེ་འདུན་ཐམས་ཅད་ཀྱི་མ་ཡོན་བདག་གི་ཁྱིམ་དུ་རབས་བདུན་གྱི་ཕ་མའི་ཆེད་དུ་སྨོན་ལམ་བཏབ་སྟེ། བསམ་གཏན་སྒོམ་པའི་བསམ་པ་ཡིད་ལ་བྱས
259b2 ནས་དེའི་འོག་ཏུ་ཟས་བླང་བར་བྱའོ། ། ཟས་དང་པོ་ལེན་པའི་ཚེ། སྔར་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་མདུན་དུ་བཞག་སྟེ། དགེ་འདུན་གྱིས་སྨོན་ལམ་བཏབ་ཟིན་ནས་བདག
259b3 ཉིད་ཟས་བླང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེའི་ཚེ་དགེ་སློང་མོའུ་འགལ་གྱི་བུ་དང་། དགེ་འདུན་མང་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་རྣམས་རབ་ཏུ་དགའ
259b4 ཞིང་དགེ་སློང་མོའུ་འགལ་གྱི་བུ་ཡོངས་སུ་གདུང་བས་ངུ་བའི་སྒྲ་ཡང་ཞི་བར་གྱུར་ཏོ། ། དེའི་ཚེ་མོའུ་འགལ་གྱི་བུའི་མ་ཡང་བསྐལ་པ་གཅིག་གི་བར་དུ་ཡི་དགས་ལྟོགས་པའི་སྡུག
259b5 བསྔལ་མྱོང་བ་ལས་ཐར་པར་གྱུར་ཏོ། ། བཅོམ་ལྡན་འདས་ལ། མོའུ་འགལ་གྱི་བུས་ཡང་འདི་སྐད་ཅེས་གསོལ་ཏོ།། བདག་བསྐྱེད་པའི་མ་ཡིན་ན། དཀོན་མཆོག་གསུམ་གྱི་ཡོན
259b6 ཏན་གྱི་མཐུ་དང་། དགེ་འདུན་གྱི་མཐུ་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་དེར་ཐར་ཏེ། སླད་མའི་ཚེ་དུས་ཀྱི་སངས་རྒྱས་ཀྱི་སློབ་མ་སྲི་ཞུ་སྤྱོད་པས་ཐམས་ཅད་དང་། སྲི་ཞུ་དང་བཅས་པ་སུའང
259b7 རུང་བ་དེ་དག་ཀྱང་། ད་ལྟར་གྱི་ཕ་མ་དང་། རབས་བདུན་གྱི་ཕ་མ་ཡོངས་སུ་སྐྱོབ་པའི་སླད་དུ་ཡོངས་སུ་སྐྱོབ་པའི་སྣོད་ཀྱིས་མཆོད་པར་བགྱིད་རུང་ལགས་སམ། བཅོམ་ལྡན་འདས




iiif viewer powered by OpenSeadragon

259a - 260a

Texts on this page

S266 - 'phags pa yongs su skyob pa'i snod ces bya ba'i mdo