e-texts navigator
Collection
Volume
Page
Wylie

259a1 མལ་ཆ་དང་། འཇིག་རྟེན་པའི་ཟས་མངར་ཞིང་ཞིམ་པ་ཇི་སྙེད་པ་དག་སྣོད་བཀང་སྟེ། ཕྱོགས་བཅུའི་དགེ་འདུན་ཡོན་ཏན་ཆེན་པོ་དང་ལྡན་པ་རྣམས་མཆོད་ཅིག་དང
259a2 དེའི་ཉིན་པར་འཕགས་པའི་དགེ་འདུན་བྲག་ཕུག་ན་བསམ་གཏན་ལ་མཉམ་པར་གཞག་ན། འབྲས་བུ་བཞི་ཐོབ་པ་དང་། ནགས་ཚལ་དག་ན་འཆག་པ་དང་། མངོན་པར་ཤེས་པ་དྲུག
259a3 ལ་དབང་ཐོབ་པས་དོན་བྱེད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ས་བཅུའི་བྱང་ཆུབ་སེམས་དཔའི་སྐྱེས་བུ་ཆེན་པོ་ཐབས་ཀྱིས་དགེ་སློང་ལྟ་བུར་སྟོན་པ་དག
259a4 འཁོར་མང་པོ་དེར་འདུས་ཏེ། སེམས་རྩེ་གཅིག་ཏུ་དགག་དབྱེའི་ཟས་བླངས་ཏེ། ཚུལ་ཁྲིམས་ཡོངས་སུ་དག་པ་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་ཏེ། འཕགས་པའི་དགེ་འདུན་གྱི
259a5 ལམ་གྱིས་ནི་དེ་ལྟ་བུ་ཡིན་པས། གང་གིས་དགག་དབྱེ་བྱེད་པའི་དགེ་འདུན་འདི་ལྟ་བུ་ཞིག་དེ་དག་ལ་མཆོད་པ་བྱེད་ན་ད་ལྟར་གྱི་ཕ་མ་དང་། ཉེས་པར་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ངེས
259a6 པར་འབྱུང་ཞིང་རྣམ་པར་གྲོལ་ནས། གོས་ཟས་དང་ལྡན་པར་འགྱུར་རོ།། ད་ལྟར་གྱི་ཕ་མ་གང་ཡིན་པ་དེ་དག་ནི་བསོད་ནམས་ཀྱིས་ལོ་བརྒྱའི་བར་དུ་བདེ་བར་གནས་པར་འགྱུར་རོ།། རབས
259a7 བདུན་གྱི་ཕ་མ་གང་ཡིན་པ་དེ་དག་ནི། ཇི་ལྟར་འདོད་བཞིན་དུ་ལྷའི་གན་སུ་སྐྱེ་བར་འགྱུར་བས། ལྷའི་མེ་ཏོག་འོད་ཅན་དུ་རྫུས་ཏེ་སྐྱེ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས




iiif viewer powered by OpenSeadragon

258b - 259b

Texts on this page

S266 - 'phags pa yongs su skyob pa'i snod ces bya ba'i mdo