| | e-texts navigator
|
258b1 ཀྱིས་བཀང་སྟེ་མའི་དྲུང་དུ་སོང་ངོ་། ། དེའི་མ་ལྷུང་བཟེད་ཀྱི་ཟས་ཐོབ་པ། ལག་པ་གཡེན་པས་ནི་ཟས་གཡོགས། ལག་པ་གཡས་ན་ཟས་བླངས་ཏེ། བཟའ་བར་བྱ་བ་ལས། ཟས་ཁར་མ་ཕྱིན
258b2 པཔར་མེ་ལྕེ་འབར་བར་གྱུར་པས་ཟས་ཐོབ་པར་མ་གྱུར་ཏོ། ། མོའུ་འགལ་གྱི་བུ་ཡོངས་སུ་གདུང་བས་དུས་ཏེ། མྱུར་དུ་སླར་ལོག་ནས་དོན་འདི་ཞིབ་ཏུ་བཅོམ་ལྡན་འདས་ལ་གསོལ་པ་དང་།
258b3 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་མའི་སྡིག་པའི་རྩ་བ་ཤིན་ཏུ་ཟབ་ཅིང་། མདུད་པར་གྱུར། ཁྱོད་གཅིག་པུའི་མཐུའི་སྟོབས་ཀྱིས་ཅི་བྱར་ཡང་མེད་ལ། ཁྱོད་སྲི་ཞུ་སྨེ་བས།
258b4 གནམས་འགུལ་ཀྱང་། གནམ་གྱི་ལྷ་དང་། སའི་ལྷ་དང་། བདུད་དང་མུ་སྟེགས་ཅན་ལམ་ལ་གནས་པའི་སྐྱེས་བུ་དང་། རྒྱལ་ཆེན་བཞིའི་ལྷ་དག་གིས་ཀྱང་ཅི་བྱར་མེད་པས། ཕྱོགས་བཅུའི
258b5 དགེ་འདུན་གྱི་མཐུ་སྟོབས་ཀྱིས་གདོད་དེ་གྲོལ་བར་འགྱུར་ཏེ། ངས་དེ་འདིར་ཡོངས་སུ་སྐྱོབ་པའི་ཆོས་བསྟན་པ་ཉིད་ཀྱིས་བགེགས་ཐམས་ཅད་སྤོང་ཞིང་སྡུག་བསྔལ་གྱི་ཕུང་པོ་བཟློག་པར
258b6 བྱའོ། ། བཅོམ་ལྡན་འདས་ཀྱིས། མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། ཕྱོགས་བཅུའི་དགེ་འདུན་སྟོན་ཟླ་ར་བའི་ཉལ་དགག་དབྱེ་བྱེད་པའི་ཚེ། རབས་བདུན་ཚུན་ཆད་ཀྱི་ཕ་མ་དང
258b7 ད་ལྟར་གྱི་ཕ་མ་བགེགས་ཀྱི་གནས་དང་། གནས་པ་དག་གི་ཕྱིར། རོ་བརྒྱ་དང་ལྡན་པའི་ཟས་དང་། འབྲས་བུ་ལྔ་དང་། སྟེང་ཡོངས་སུ་བཀང་བ་དང་། སྤོས་མར་གྱི་སྒྲོན་མ་དང་།
iiif viewer powered by OpenSeadragon
258a - 259a