| | e-texts navigator
|
258a1 བར་འགྱུར་རོ། ། དུས་དྲུག་ལ། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དང་། ཉི་ཤུ་གསུམ་དང་། ཉི་ཤུ་དགུ་དང་། གནམ་སྟོང་དང་། དུས་གསུམ་ལ། ཚེས་བརྒྱ
258a2 དང་བཅོ་ལྔ་དང་། སུམ་ཅུའོ།། སྙིང་རྗེ་གསུམ་ལ། དཔྱིད་ཟླ་ར་བ་དང་། དབྱིད་ཟླ་འབྲིང་པོ། སྟོན་ཟླ་ཐ་ཆུང་ངུས་འདི་གསུམ་ལ་སེམས་ཅན་གྱི་སྲོག་བཅད་དུ་མི་རུང་ངོ་།། རྫོགས་སོ།།
258a3 ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ལས་བརྒྱུད་དེ་བྱུང་ཞེས་གྲག་གོ།། ། རྒྱ་གར་སྐད་དུ། ཨཱརྱ་པ་རི་ཤ་ར་ཎི་བྷཉྫ་ནཱ་མ་སཱུ་ཏྲ།
258a4 བོད་སྐད་དུ། འཕགས་པ་ཡོངས་སུ་སྐྱོབ་པའི་སྣོད་ཅེས་བྱ་བའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག།
258a5 ན། བཅོམ་ལྡན་འདས་ཡུལ་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟླ་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐེབ་ནས
258a6 ཕ་མ་གཉིས་གདུལ་ཞིང་། དྲིན་བསབ་པར་འདོད་པའི་ཕྱིར། ལམ་གྱི་མིག་གིས་འཇིག་རྟེན་རྣམས་ལ་རྣམ་པར་བལྟས་ན། བདག་གིས་མ་དུས་ལས་འདས་ཏེ། ཡི་དགྲས་ལྟོགས་པོའི་ནང་དུ
258a7 སྐྱེས་ཏེ། ཟས་དང་སྐེམ་བཟའ་ཞིང་བཏུང་བ་མེད་པས། པགས་པ་དང་རུས་པ་འབའ་ཞིག་ཕན་ཚུན་འབྲེལ་བར་མཐོང་ནས། མོའུ་འགལ་གྱི་བུ་ཡོངས་སུ་གདུང་བས་ངུས་ཏེ། ལྷུང་བཟེད་ཟས
iiif viewer powered by OpenSeadragon
257b - 258b