| | e-texts navigator
|
255b1 བཅོམ་ལྡན་འདས་ཀྱིས། མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་པར་ཉོན་ཅིག་དང་། ཁྱོད་ལ་བསྟན་པར་བྱའོ།། གལ་ཏེ་དགེ་སློང་ངམ། དགེ་སློང་མ་ཞིག་ངོ་ཚ་དང
255b2 ཁྲེལ་མེད་པས་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་ཅིང་། བསླབ་པ་མང་པོའི་སྡོམ་པ་ལས་ཉམས་ན་རྒྱལ་ཆེན་བཞིའི་ལྷའི་ཚེའི་ཚད་ལོ་བརྒྱའི་བར་དུ་སེམས་ཅན་དམྱལ་བར་ལྷུང་སྟེ།
255b3 མིའི་ལོ་ལྟར་བརྩིས་ན་ལོ་སྟོང་ཕྲག་དགུ་བརྒྱའོ།། བཅོམ་ལྡན་འདས་ཀྱིས། མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། གལ་ཏེ་ངོ་ཚ་དང་ཁྲེལ་མེད་པས་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་ཅིང
255b4 སོ་སོར་བཤགས་པ་ལས་ཉམས་ན། སུམ་ཅུ་རྩ་གསུམ་གྱི་ལྷའི་ཚེ་ཚད་ལོ་སྟོང་གི་བར་དུ་སེམས་ཅན་དམྱལ་བར་ལྟུང་སྟེ། དེ་ལ་མིའི་ལོ་ལྟར་བརྩིས་ན་སུམ་འབུམ་དྲུག་སྟོང་ཡོད་དོ།།
255b5 བཅོམ་ལྡན་འདས་ཀྱིས། མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། གལ་ཏེ་ངོ་ཚ་དང་ཁྲེལ་མེད་པས་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་ཅིང་ལྟུང་བྱེད་ལས་ཉམས་ན། འཐབ་བྲལ་གྱི་ལྷ་རྣམས
255b6 ཀྱི་ཚེའི་ཚད་ཀྱི་ལོ་ཉིས་སྟོང་གི་བར་དུ་སེམས་ཅན་དམྱལ་བར་ལྷུང་སྟེ། དེ་ལ་མིའི་ལོ་ལྟར་བརྩིས་ན་ལོ་འབུམ་ཕྲག་ཉི་ཤུ་དང་བཞི་ཁྲིའོ།། བཅོམ་ལྡན་འདས་ཀྱིས། མོའུ་འགལ་གྱི་བུ་ལ
255b7 བཀའ་སྩལ་ད། གལ་ཏེ་ངོ་ཚ་དང་ཁྲེལ་མེད་པས་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་ཅིང་སྦོམ་པོ་ལས་ཉམས་ན། དགའ་ལྡན་ལྷའི་ཚེའི་ཚད་ཀྱི་ལོ་བཞི་སྟོང་གི་བར་དུ་སེམས་ཅན་དམྱལ
iiif viewer powered by OpenSeadragon
255a - 256a