e-texts navigator
Collection
Volume
Page
Wylie

370b1 འདི་ཡིན་ཏེ། ། དེ་ལ་གནས་ཤིང་རྒྱས་སྲས་རྣམས།། ཚུལ་དག་ར་ཏུ་སྟོན་པར་བྱེད།། བྱེ་བའི་ཞིང་རྣམས་རབ་ཏུ་མཐོང་།། དེ་དག་མགོན་པོ་དེ་བཞིན་ནོ།། རྡུལ་གྱི་མཐའ་མར་ཐུག་པའི་རྣམས།། དེ་དག་རང་བཞིན
370b2 ལས་སྟོན་ཏོ། ། དགའོ་དགེ་ཞེས་རབ་ཏུ་གསུངས།། འདི་ནི་རྣལ་ས་བཟང་ལྡན་ལམ།། ལམ་འདིས་ངེད་རྣམས་ཐམས་ཅད་ཀྱང་།། ཏིང་ངེ་འཛིན་ལ་དབང་སྒྱུར་བ།། ཐོབ་ནས་སངས་རྒྱས་དྲི་མེད་གྱུར།། གང་ཡང
370b3 སངས་རྒྱས་ཏིང་འཛིན་སྐྱེས། ། ཐེག་པ་ཆེན་པོ་སྣང་བ་ཡི།། ཏིང་ངེ་འཛིན་གྱི་པྲ་སེམས་པ།། དེ་ལ་གནས་ཤིང་རྒྱལ་སྲས་དང་།། རྒྱལ་བ་བསམ་ཡས་སྤྱོད་ཡུལ་ཅན།། སྤྲུལ་པ་བྱེ་བ་མང་པོ་ཡིས།། སོ་སོ་རང
370b4 རིག་སྤྱོད་ཡུལ་གྱི། ། ཏིང་འཛིན་སངས་རྒྱས་མཐོང་བ་ནི།། ཤིན་ཏུ་ཕྲ་བའི་རྡུལ་སྙེད་དོ།། སོ་སོ་རང་གིས་རིག་ཚུལ་ནི།། གང་ལ་སངས་རྒྱས་གནས་པ་ཡིན།། ཆོས་འདི་མཚན་མ་མེད་པ་སྟེ།། སྒྲ་དང་གཟུགས
370b5 ཀྱིས་རྣམ་པར་སྤངས། ། མིང་ནི་མཚན་མས་བསྐྱེད་པ་ཡིན།། མཚན་མ་རྐྱེན་ལས་བྱུང་བ་སྟེ།། རྣམ་པར་རྟོག་པ་གཉིས་ལས་སྐས།། ཆོས་རྣམས་ཀྱི་ནི་དེ་བཞིན་ཉིད།། དེ་ནི་ཡང་དག་གསུང་མཐོང་བ།། དེ་ཡི་ཡེ་ཤེས་ཡང
370b6 དག་མཚན། ། རང་བཞིན་བརྟགས་པ་མིང་ཡིན་ཏེ།། མཚན་མ་གཞན་གྱི་དབང་ལས་བྱུང་།། མིང་དང་མཚན་མ་མེད་པ་ན།། རང་བཞིན་དོན་གྱི་དམ་པ་ནི།། ཐམས་ཅད་ལུས་ལ་ཀུན་ནས་གནས།། ཀུན་གཞི་དེ་ཕྱིར་འབྱུང་བ
370b7 སྟེ། ། བག་ཆགས་རྣམས་ཀྱི་རི་ཁྲོད་གནས།། ཡིད་ཀྱིས་གནས་ངན་ལེན་གྱིས་གཡོགས། ཡིད་ཀྱི་རྣམ་ཤེས་སྤྱོད་པ་ཡས། ཡི་ནི་ཕྲིན་ཕྱོགས་རྒྱས་པར་བྱས།། རྣམ་ཤེས་ལྔ་པོ་ཡུལ་ཅན་དག། འབྱུང་ཞིང་ཕྱིར་ལང་ལྡོག་པ་ཡིན
370b8 རྣམ་ཤེས་ལྔ་ཡི་ཡུལ་རྣམས་ནི། ། སེམས་ཅན་བཞིན་གནས་ལུས་ཅན་ལ།། ཀུན་གཞིར་གྲགས་པའི་ཆུ་ཀླུང་ལས།། དཔའ་རླབས་བཞིན་དུ་རབ་ཏུ་འབྱུང་།། རྣམ་ཤེས་ཀུན་གཞིར་མཚོར་གནས་པ།།
370b9 བག་ཆགས་རྣམས་ཀྱིས་བརྙོསྒོས་པའི་རྣམས།། ཡུལ་གྱི་རླུང་གིས་སྐྲོད་པ་དག། རྣམ་པར་རྒྱན་ཆད་མེད་པར་རྒྱུ།། ཆོས་ལ་བདག་མེད་མཁས་པ་ཡི།། སངས་རྒྱས་རྣམས་དང་སངས་རྒྱས་སྲས།། བདེ་བར་གཤེགས་པའི་གནས་འཐོབ
370b10 སྟེ། ། མངོན་སངས་རྒྱས་ཞིང་ཆོས་སྦྱོར་ཏོ།། ཕུང་པོ་གང་ཟག་བདག་མེད་པར།། རབ་སུནམ་ཕྱེ་མཐོང་གྱུར་ཅིང་།། ཆོས་ཀྱི་དངོས་ཡོད་མ་བཤིགས་པར།། ཉན་ཐོས་དེ་དག་མངོན་རྫོགས་འགྱུར། བདག་མེད་གཉིས་ལ་མཁས་པ
370b11 ཉིད། ། རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད།། རྣམ་པར་བསྒོམས་ཤིང་སྤོང་བ་ནི།། ཚུལ་བཤད་བཞིན་དུ་ཡང་དག་མཐའ།། ཡང་དག་མཐའ་ཡི་བདེ་མྱོང་ཞིང་།། སྙིང་རྗེ་མེད་པའི་སྲས་རྣམས་།། སེམས་ཅན་དགོས་པའི
370b12 རྒྱུན་བཅང་བས། ། དེ་དག་སངས་རྒྱས་མི་འཐོབ་བོ།། བསམ་ཡས་ཀྱིན་ཡེ་ཤེས་འདི།། སེམས་ཅན་རྣམས་ཀྱི་བདེ་བསྐྱེད།། མཁྱེན་ཅིང་རྒྱལ་བརྒྱལ་སྲས་རྣམས།། བློ་ཆུང་རྣམས་ལ་ཚུལ་སྟོན་ཏོ།། ཇི་ལྟར་འདས་ལས་བྱུང་བ་ཡིས།།
370b13 དགེ་བའི་མཚན་ལྡན་པདྨོ་དག། ཐུབ་པ་རྣམས་དང་ལྷ་དག་གི། ཉེ་བའི་ལོངས་སྤྱོད་རྒྱ་ཡིན་ནོ།། དེ་བཞིན་འཁོར་བའི་འདམ་མཆོལས།། རྒྱལ་བའི་སྲས་རྣམས་འབྱུང་བ་ནི།། སངས་རྒྱས་དྲི་མེད་རབ་རྙེད་ཅིང།། ལྷ་ལ་ཡིད
370b14 དུ་འོང་བ་ཡིན། ། བྱང་ཆུབ་སེམས་དཔའ་མི་རྣམས་དང་།། ལྷ་ཡི་ཁྲོད་དུ་ཁྱད་པར་དུ།། རྒྱལ་པོའི་ཁྱུ་མཆོག་འགྱུར་བ་སྟེ།། འཁོར་ལོ་ཅན་དུའོ་ཁྱད་པར་དུ།། ལྷ་ཡུལ་གནས་པའི་བདག་པོ་དང་།། དྲི་ཟ་རྣམས་ཀྱི་དེ་བཞིན
370b15 ཏེ། ། ཐེག་ཆེན་ཡོན་ཏན་ལྡན་པ་ཡི།། ལུས་ཅན་རྣམས་ཀྱིས་རྟག་ཏུ་འཐོབ།། དེ་ཕྱིར་རྒྱལ་བའི་སྲས་རྣམས་ཀྱིས།། ཐེག་པ་ཆེ་ལ་བརྩོན་པར་གྱིས།། མཐར་གྱིས་བདེ་གཤེགས་གནས་རབ་དང་།། རྒྱལ་པོ་རྟག་ཏུའང
370b16 འགྱུར་བར་འོང་། ། ཀུན་ནས་ཉོན་མོངས་ཆོས་རྣམས་དང་།། རྣམ་པར་བྱང་བའི་ཡོད་པ་ཀུན།། རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི།། ས་ལ་ཀུན་གཞི་འབྱུང་བ་ཡིན།། སྤྱི་དང་རྒྱུ་རྣམས་ལྷན་ཅིག་གམ།། འོན་ཏམ་སྐྱེ
370b17 དང་དབང་པོས་ཀྱང་། ། གཙོ་བོ་རྐྱེན་དང་རྒྱུ་རྣམས་ཀྱི།། འཇིག་རྟེན་རབ་ཏུ་བསྒྲུབ་པར་བྱས།། ཁྱད་པར་ཅན་གྱི་རྒྱུ་བརྗོད་པ།། ཅི་ནས་འབྱུང་བར་འགྱུར་བ་སྟེ།། རྒྱུ་མེད་པར་ཡང་མེད་པར་འགྱུར།། བྱ་མེད་པ་ཡང
370b18 མེད་པར་འགྱུར། ། རྣམ་པར་བྱང་དང་ཐ་མི་དད་།། ཀུན་གཞི་ཐ་དད་འགྱུར་བ་མིན།། དེ་སྟེན་རྣམ་བྱང་ཐ་དད་ན།། ཀུན་གཞི་རྟག་པ་མ་ཡིན་འགྱུར།། སྔོན་མེད་འཇིགས་མེད་རྟག་པ་སྟེ།། མཐའ་བཞི་རྣམ་པར་སྤངས་པ
370b19 ཡིན། ། དེ་བཞིན་གཤེགས་པའི་སྙིང་པོ་དག། སྤྲུལ་པ་ཡེ་ཤེས་སླར་ཡང་ཆགས།། ངན་ཚུན་སྙིང་པོ་ཐ་མིངས།། ད་ནི་སོར་གདུ་བ་བཞིན་དུ་གནས།། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ།། བདག་ཤེགས་སྙིང་པོ་དགེ་པའང་དེ།།
370b20 སྙིང་པོ་དེ་ལ་ཀུན་གཞི་སྨྲས། དེ་བཞིན་གཤེགས་པ་སྟོན་པ་མཛད།། སྙིང་པོ་ཀུན་གཞིར་བསྒྲགས་པར་ཡང་།། བློ་ཞན་རྣམས་ཀྱིས་མི་ཤེས་སོ།། གསེར་མགར་མཁས་པས་རྣམ་དག་གིས།། གསེར་ལས་སོར་གདུབ་བྱས་པ་ནི།
370b21 སོར་མོ་རྣམས་ལ་རྣམ་པར་མཛེས།། ཕན་ཚུན་ཐ་དད་མཚན་ཡིན་ཏེ།། སོར་གདུབ་ཅེས་ཀྱང་བརྗོད་མོད་ཀྱི།། ལས་ཀྱི་མཁན་པོས་ཡོངས་བསྒྱུར་བས།། གསེར་ནི་གཟུགས་བཞིན་རབ་ཏུ་གནས།། ཆོས་མཐོང་རྣལ་འབྱོར་ལྡན་པ་ཡི།། སེམས་ད
370b22 རྣམ་པར་ཤེས་པའི་ཡུལ། ། བདུན་པའི་ས་ནི་རྙེད་པ་དང་།། འབྱུང་བ་ལས་ཀྱང་རྣམ་པར་ལྡོག། འཕགས་པ་མཐོང་བའི་ཆོས་ལྡན་གྱི།། སོ་སོ་རང་རིག་མཐོང་བ་དང་།། སྤྱི་དང་བདག་གི་ལེགས་འཕགས་པ།། ཐམས་ཅད
370b23 བརྗོད་པར་མི་ནུས་སོ། ། ཇི་སྙེད་ཡུལ་ཡོད་ཅི་ཡང་རུང་།། སེམས་དང་རྣམས་ཤེས་སྤྱོད་ཡུལ་དུ།། སྣ་རོགས་སྣང་བ་དེ་དག་ཀྱང་།། རྣམ་ཤེས་ཡིརན་ཏེ་ཡུལ་མེད་དོ།། སེམས་ནི་རྔམ་པ་གཉིས་དངོས་སུ།། གཟུང་དང་འཛིན་པར་སྣང་བ་སྟེ།། རྫ་པྲ་སྔམ
370b24 བུ་སོགས་པ་ཡི། ། ཡུལ་ནི་གང་ཡང་ཡོད་པ་མིན།། ཇི་ལྟར་རི་རབ་བརྟེན་བྱས་ཤིང་།། ཉི་ཟླ་གཟའ་ཡི་ཚོགས་ཀྱི་རྣམས།། བྲལ་བ་མེད་པར་རྟག་འབྲང་ངོ་།། དེ་བཞིན་རྣམ་དག་ཀུན་གཞི་ལ།། རྣམ་དག་འཕགས་པའི་སྤྱོད་ཡུལ་ནི།།
370b25 རྟག་པར་གསེར་བཞིན་རབ་ཏུ་འབར།། ཀུན་གཞི་སྙིང་པོར་བསྒྲགས་པ་ནི།། རྟོག་པའི་སེམས་ཀྱི་ཡུལ་མ་ཡིན།། རང་བཞིན་རྣམ་པར་བརྟགས་པ་དང་།། རྟོགས་པར་ནུས་པ་མ་ཡིན་དང་།། ཡོངས་སུ་གྲུབ་པའི་རང་བཞིན་ཡང་།།
370b26 རྣལ་འབྱོར་ཐུབ་ཅན་རྟག་ཏུ་མཐོང་།། ཡིད་ཀྱི་རྣམ་ཤེས་ཡུལ་ཅན་ནི།། བྱིས་པ་རྣམས་ལ་འཆིང་བའི་དངོས།། སྨིག་རྒྱུ་ས་ཚོགས་བྱུང་བ་སྟེ།། འཕགས་པ་རྣམས་ཀྱིས་དྲི་མེད་གཟིགས།། སྟོང་ཕྲག་བཅུ་གཉིས་པའི
370b27 རྒྱན་སྟུག་པོ་ལས། ཇི་སྙེད་བརྗོད་པའི་མདོ་རྫོགས་སོ།། ། བསྒྱུར་བ་མ་རྫོགས་པར་བཞེད།། རྒྱ་གར་སྐད་དུ
370b28 ཨཱརྱ་ཙ་ཏྲ་ར་ས་ཏྱ་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདེན་པ་བཞིའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན
370b29 ། བཅོམ་ལྡན་འདས་དམར་བུ་ཅན་གྱི་གྲོང་ཁྱེར་དང་རྒྱལ་པོའི་ཁབ་ཀྱི་བར་གྱི་དབུས་ན། རྒྱལ་པོའི་མའི་དབྱུག་པ་ཅན་ནུས་མོ་ཉེ་བར་རྟེན་ཅིང་། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།
370b30 དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་དང་ཁྱེད་ཅག་ཁོ་ནས་འཕགས་པའི་བདེན་པ་བཞི་པོ་དེ་དག་མ་ཤེས། མ་མཐོང་། ཁོང་དུ
370b31 མཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། བཞི་པོ་དེ་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འཕགས་པའི་བདེན་པ་མ་ཤེས། མ་མཐོང་། ཁོང་དུ་མ་ཆུང་།
370b32 སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་མ་ཤེས། མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས
370b33 པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། ། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མ་ཤེས། མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར
370b34 བར་གྱུར་ཏོ། ། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པ་ལམ་འཕགས་པའི་བདེན་པ་མ་ཤེས། མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར
370b35 ཏོ། ། དགེ་སློང་དག་ངས་སྡུག་བསྔལ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ།། ངས
370b36 སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བརྡུང་བས་འཁོར་བའི་སྐྱེ་བ་ཟ་ང་། ང་ནི་སྲེད
370b37 པ་གཞན་མེད་དོ། ། ངས་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན
370b38 མེད་དོ། ། ངས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་ང་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ང་ནི
370b39 སྲིད་པ་གཞན་མེད་དོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བང་པར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།།
370b40 ང་དང་ཁྱད་ཅག་ཁོ་ན་ཡིས།། འཕགས་པའི་བདེན་པ་བཞི་པོ་དག། ཇི་ལྟ་བ་བཞིན་མ་མཐོང་བས།། ལམ་རིང་དུ་ནི་འཁོར་བར་འགྱུར།། བདེན་པ་དེ་དག་མཐོང་ནས་ནི།།
370b41 སྲིད་པའི་སྲེད་པ་བཅད་ནས་སུ།། འཁོར་བའི་སྐྱེ་བ་ཟད་པས་ན།། ད་ནི་སྲིད་པ་གཞན་མེད་དོ།། བཅོམ་ལྡན་འདས་ཀྱིས་སྐད་ཅེས་བཀའ་སྩལ་པ་དང་།




iiif viewer powered by OpenSeadragon

370a -

Texts on this page

S251 - 'phags pa bden pa bzhi'i mdo