e-texts navigator
Collection
Volume
Page
Wylie

369a1 རྣལ་འབྱོར་མཁས་པས་སེང་གེ་ལྟར།། ཐུབ་པ་དེ་དག་ཀུན་བལྟས་ཏེ།། འགྲོ་བའི་ཚོགས་རྣམས་ཐམས་ཅད་ལ།། བརྟག་པར་མི་ནུས་བརྟག་བྲལ་བའི།། ཆོས་ཚུལ་རབ་ཏུ་བསྟན་པར་བྱ།།
369a2 བློ་ཡི་མཐུ་ཡང་ཀུན་བརྟགས་ན།། རྣལ་འབྱོར་ཅན་དག་ཆོས་ཀྱི་ཚུལ།། སྔོན་གྱི་གཞུང་ལུགས་ཉན་ནུས་པས།། ཚངས་པའི་སྒྲ་དང་དབྱངས་སུ་སྟེ།། ཀ་ལ་བིངྒའི་སྒྲ་སྐད་དུ།། རྒྱལ་ཆེན་ལྕེ་ཡིས་རབ་སྙན་པར།།
369a3 རྡོ་རྗེ་སྙིང་པོས་ཤིན་ཏུ་བཤད།། སེང་གེ་རོ་སྟོད་ལུས་འཆང་བ།། མཚན་རབ་སུམ་ཅུ་རྩ་གཉིས་དང་།། དཔེ་བྱད་བཟང་པོས་བརྒྱན་པའི་ལུས།། རྡོ་རྗེའི་སྙིང་པོས་ཤིན་ཏུ་བསྟན།། ཀི་མ་ཀའི་སྒྲལ་མཁས་པས
369a4 ན། ། སྒྲ་ཡི་མཚན་ཉིད་གྲགས་པ་ཡིས།། མདོར་ན་དེ་ཡིད་ཉིད་འགྱུར་དུ།། རྒྱལ་སྲས་དེ་ནི་ཤིན་ཏུ་སྟོན།། སང་སང་དག་པ་དབྱངས་ལ་སོགས།། མཐོང་ཞིང་རིང་བའི་སྒྲ་སྐད་དང་།། གན་དར་དངང་ལྡན་པར
369a5 རྒྱལ་བའི་སྲས་པོས་རབ་ཏུ་བསྟན། ། རི་ཤ་པ་དང་དེ་བ་ཏ།། ཤརྫ་ཀེ་ཤི་ལྔ་པོ་ཡི།། སྒྲ་སྐད་མཚན་ཉིད་ལྡན་པ་ཡི།། དབྱངས་ཀྱི་ཐུབ་པ་རྣམ་པར་གསུང་།། རིང་དང་དལ་མེད་པ་ཡི་ཚིག། ཟབ་ཅིང་སྙན་པའི
369a6 སྒྲ་དབྱངས་ཏེ། ། མཚན་ཉིད་མཁས་དང་དྲི་ཟ་ལ།། དེ་བཞིན་སྲིཔ་པར་བྱེད་པ་ཡི།། ཚིག་གི་ཡོན་ཏན་ལྡན་པའི་ཚིག་རྡོ་རྗེ་སྙིང་པོས་བརྗོད་པ་ནི།། ལྷུན་གྱིས་གྲུབ་པར་བྱས་པ་སྟེ།། སྤྲུལ་པའི་གཞིན་དུ་འབྱུང
369a7 བ་ཡིན། ། ཐུབ་སྲས་རྡོ་རྗེའི་སྙིང་པོ་ནི།། ཅི་ཡང་རྗོད་པར་མི་བྱེད་པར།། ཐམས་ཅད་ཡན་ལག་མཚན་ཉིད་སྒྲ།། ཡན་ལག་རྣམས་ལས་མངོན་པར་འབྱུང་།། སྨིན་མང་དཔྲལ་བའི་སྤྱི་བོ་དང་།། ཕྲག་པ་སྣ་རྩེ་བྱིན




iiif viewer powered by OpenSeadragon

368b - 369b

Texts on this page

S250 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo