| | e-texts navigator
|
368b1 ལངས་ནས། ། དེ་དག་གཅིག་ལ་གཅིག་བལྟས་ཏེ།། རྡོ་རྗེ་སྙིང་པོ་དེ་ལ་སྤྲས།། ཆོས་ཀྱི་ཚུལ་ནི་བསྟན་པར་གྱིས།། ཁྱོད་ནི་རྒྱལ་དབང་བྱིན་གྱིས་བརླབས།། ཏ་སྲས་རྣམས་ཀྱིས་རབ་ཏུ་མཆོད།། ས་ཡི་མཚན
368b2 ལ་མཁས་པ་ཡང་། ། ཁྱོད་ལ་ཐམས་ཅད་ཤིན་ཏུ་གནས།། ཁྱོད་ལ་གསོལ་བ་འདེབས་པ་ནི།། རྒྱལ་སྲས་སྟོབས་ཆེན་ཐམས་ཅད་དང་།། རྣལ་འབྱོར་ཅན་དང་རྣལ་འབྱོར་བདག། སྔགས་འཆང་བུ་མེ
368b3 ཐམས་ཅད་དོ། ། རྒྱལ་བ་རྣམས་དང་རྒྱལ་སྲས་དང་།། འཇིག་རྟེན་རྣམས་ཀྱི་ངོ་མཚར་གཞི།། མདོ་སྡེ་ཀུན་གྱིས་དྲི་མེད་ཅིང་།། བསྟན་དང་ཀླག་པ་རྣམ་སྤངས་པ།། སྟུག་པོའི་རྒྱན་འདི་བསྟེན་པའི་ཕྱིར། རྣལ
368b4 འབྱོར་བདག་ཁྱོད་སྤོབས་པར་གྱིས། ། སྤྲུལ་པས་བཤད་པ་སྤངས་པ་སྟེ།། དེ་བཞིན་གཏམ་དང་སྤྲུལ་པས་ཀྱང་།། ཟག་པ་མེད་པ་ཆོས་ཀྱི་དབྱིངས།། སོ་སོ་རང་རིག་སྤྱོད་པའི་ཡུལ།། ལྷ་རྫས་མཐོང་བའི་ཆས
368b5 ལ་བདེ། ། འཕགས་པ་རྣམས་ལ་དེ་སྟོན་ཅིག། ཕུང་པོ་ལྷག་མ་མ་ལུས་པར།། གྲོལ་བའི་ཆོས་ཀྱི་དབྱིངས་སྟོན་ཅིག། ཏིང་ངེ་འཛིན་དང་གཟུགས་ཀྱི་རྣམས།། རྣམ་པར་ཐར་དང་དབང་རྣམས་དང་།། ཡིད་བཞིན
368b6 རྣམ་པ་བཅུ་པོ་ཡི། ། ལུས་ཀྱི་ཚོགས་ཀྱང་བསྟན་པར་གྱིས།། སངས་རྒྱས་རྣམས་ཀྱི་བསམ་ཡས་ད་། མགོན་པོ་རྣམས་ཀྱི་ཞིང་གི་རྒྱན།། རྒྱལ་བ་རྣམས་དང་རྒྱལ་སྲས་ཀྱིས།། རྡུལ་ཕྲན་བཞིན་གྱི་སྐུ་ཕྲ་དང་།། །
368b7 སྒྲ་རྩ་བརྒྱ་ཆར་ཕྲ་བ་དག། རྒྱལ་སྲས་ཁྱོད་ཀྱིས་བཤད་པར་གྱིས། བསྟན་དང་བཀྲ་རྣམ་བྲལ་འང་།། བརྗོད་པས་རྣམ་པར་སྤངས་པ་ཡི།། སྟུག་པོ་ཞིང་ག་དམ་པ་དེར།། ཅི་ནས་ཐུབ་པ་འདོང་བའི་ཕྱིར།།
iiif viewer powered by OpenSeadragon
368a - 369a