e-texts navigator
Collection
Volume
Page
Wylie

367b1 ཏེ། ། བདག་མེད་གཉིས་ཀྱིས་ཡོངས་དག་ཅིང་།། ཤེས་བྱ་སྒྲིབ་པའི་དྲི་མེད་ན།། སེམས་ཀྱི་ཁམས་ལས་གཞན་འགྱུར་བའི།། དེ་བཞིན་གཤེགས་པ་རབ་ཏུ་འགྱུར།། ཁྱོད་ནི་དབང་ཅན་ཕྲ་ཡུལ་ལྡན།། ཤེས་རྒྱ་ཆེ
367b2 ཞིང་གཙུག་ལག་མཁས། ། དབང་པོ་འཇིག་རྟེན་བྱོལ་བ་ཡི།། གཙུག་ལག་མཚན་ལ་ཁྱོད་གནས་ཏེ།། མི་འམ་ཅི་ཡི་གཙུག་ལག་ཀྱང་།། དེ་བཞིན་གཤེགས་པའི་རྣལ་འབྱོར་དག། ས་ཡི་མཚན་ཉིད་མཁས
367b3 བྱ་ལ། ། བསླབས་ཏེ་ཟླ་བ་བཞིན་གནས་པ།། མི་འམ་ཅི་ཡི་དབང་པོ་ཁྱོད།། ས་དང་ཞིང་རྣམས་བྱེ་བར་མཛེས།། ཁྱོད་ནི་དེ་ལྟར་རྣམ་མཛེས་ཤིང་།། ཐུབ་ཅན་དབང་སྒྱུར་ཚེགས་དབུས་སུ།། ཁམས
367b4 ཀྱི་སེམས་ལས་སྐྱེས་པ་ནི། ། ཁོ་བོ་ལ་ནི་སྲས་ཀྱིས་དྲིས།། མཉམ་སེམས་མཉམ་པར་གཞག་པ་ཡིས།། ཐམས་ཅད་ལྷན་ཅིག་མཉན་པར་གྱིས།། ཁམས་རྣམས་གང་དུ་ཅི་ཚུལ་དུ།། སེམས་སུ་གྲགས
367b5 པབའི་སྐྱེས་བུ་ལ། ། རྒྱུ་རྣམས་གང་གིས་འབྱུང་བ་ཡི།། དེ་ཚུལ་བདག་གིས་བསྟན་པར་བྱ།། ཆུ་ནི་རླན་རྣམས་སྐྱེད་པར་བྱེད།། དྲོད་ནི་མེའོ་སྲབས།། བདེག་ལ་སོགས་པའི་བྱ་བ་རྣམས།། རླུང་གི་ཁམས
367b6 ཀྱི་ཀུན་ནས་རྩོམ། ། གཟུགས་ལ་སོགས་པའི་ས་མཚན་ནི།། ནམ་མཁའ་ཀུན་ནས་རྩོམ་པར་བྱེད།། རྣམ་ཤེས་སྣ་ཚོགས་ཡུལ་ཅན་ནི།། བག་ཆགས་རྣམས་ཀྱི་རབ་ཏུ་བསྐྱེད།། སྲིད་ཀྱི་མཚམས་དང
367b7 མིག་དག་གི། སྐྱེ་བའི་སྒོ་རྣམས་བྱེད་པ་ནི།། གཟུགས་ལ་སོགས་པའི་ཚོགས་ཀུན་ཏེ།། རྒྱལ་པོ་མཚན་ནི་རྣམ་པ་མང་།། ནོར་བུ་རིན་ཆེན་སྣ་ཚོགས་གནས།། དབང་སྒྱུར་ཕོ་བྲང་བཟང་པོ་ན།། རྣལ




iiif viewer powered by OpenSeadragon

367a - 368a

Texts on this page

S250 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo