| | e-texts navigator
|
367a1 གྱི་སྙིང་པོའི་མཆོག། ཡིད་འོང་བྱེད་པ་གང་དྲིས་པ།། སེམས་ནི་སྐྱེས་བུའི་ལུས་ཅན་ལ།། ཁམས་རྣམས་སྐྱེ་འགྱུར་ཇི་ལྟ་ཞེས།། དེ་ཕྱིར་དབང་སྒྱུར་རྒྱལ་སྲས་ལ།།
367a2 དདེ་ནི་དགེ་བར་བཤད་པར་བྱ།། དེ་བས་མི་འམ་ཅི་ཡི་བདག། པི་ཝང་སློབ་དཔོན་བདག་ལ་ཉོན།། ཇི་ལྟར་མི་འམ་ཅི་ཡི་བདག། ཁྱོད་དང་མི་ཅི་མང་བཅས་པ།། བསྙེམས་བྲལ་མང་པོ་སྣ་ཚོགས་ཀྱིས།། ནམ
367a3 མཁའ་ལས་ནི་རབ་འདོང་ཞིང་། ། རྒྱལ་བ་ཉན་ཐོས་ཚོགས་འཁོར་དུ།། བི་ཝ་ང་སྒྲ་དབྱངས་སྙན་བླངས་པས།། ཐུབ་པ་དྲུ་མ་ལྷོག་ཤིག་ཅེས།། ཕན་ཚུན་གཅིག་ལ་གཅིག་ཀྱང་གསུང་།། བསྙེམ་བྲལ་མང
367a4 པོ་སྣ་ཚོགས་ན། ། མི་འམ་ཅི་དང་འགྲོགས་རྩེ་ཞིང་།། པི་ཝང་བཻ་ཌཱུཪྻས་སྤྲས་པ།། ལེན་ཅིང་མཁའ་ལས་འགྲོ་བའི་ཚེ།། པི་ཝང་ཡིད་འོང་ཤིན་ཏུ་སྙན།། དབྱངས་ཀྱིས་ཡོངས་སུ་སྦྱངས་པ་སྟེ།། མི་འམ་ཅི་ཡི
367a5 བདག་པོ་ཡིས། ། རབ་ཏུ་བླངས་པར་བྱས་པའི་ཚེ།། ཉན་ཐོས་རྣམས་ཀྱང་གར་བྱེད་དེ།། ཉན་ཐོས་དེ་དག་གྱུར་པ་དེ།། རྒྱལ་སྲས་རྣམས་ཀྱིས་མཐོང་བ་དང་།། འོད་སྲུངས་རྣལ་འབྱོར་བཟང་ཅན་དང་།། ལྷ་ཡི་ཅོད་པན
367a6 ལ་སྨྲས་པ། ། རྣམ་རྟོག་མེད་པའི་སྒྲ་དབྱངས་ཀྱི།། པི་ཝང་སྒྲ་ནི་བསྒྲགས་པ་ཡིས། འདོད་ཆགས་བྲལ་བ་ཅི་ཕྱིར་གྱུར།། འོད་སྲུངས་ཁྱོད་ཀྱིས་ངེད་ལ་སྟོན།། རྒྱལ་སྲས་སྟོབས་ཆེན་མྱུར་རླུང་བཞིན།།
367a7 རི་དགས་རྣམས་དང་འདྲ་བ་ནི།། ཉན་ཐོས་གཡོ་བའི་བློ་ཅན་རྣམས།། བག་ཆགས་འདས་ཀྱི་དྲི་མ་ཅན།། ཉོན་མོངས་རྣམ་རྟོག་བྱུང་བས་མནར།། ཡང་དག་སངས་རྒྱས་སྐུ་རྙེད་ནས།། བག་ཆགས་དྲི་མ་ཡོངས་བསལ
iiif viewer powered by OpenSeadragon
366b - 367b