e-texts navigator
Collection
Volume
Page
Wylie

366b1 བྱ། ། རི་ནི་ཐུབ་ལ་རྣལ་འབྱོར་སྟོན།། སྟུག་པོའི་རྒྱན་དེ་སྣ་ཚོགས་ཏེ།། སྡུག་ན་སྤྱོད་པའི་ཐུབ་པ་ཡི།། སངས་རྒྱས་རྣམས་ཀྱི་གནས་ཀྱི་མཆོག། ཐུབ་པ་ཀུན་གྱི་དམ་པའོ།། ས་སྟེངས་ཐུབ་པའི་རྡུམ
366b2 ལ། ། རྡོ་རྗེ་སྙིང་པོས་ཡང་སྨྲས་པ།། རྟག་པར་དུ་མ་ཁྱོད་ཀྱིས་ཀྱང་།། ཆོས་ཀྱི་དངོས་ཉིད་ཤེས་པར་གྱིས།། དངོས་པོ་རྣམས་ཀྱི་རང་བཞིན་ཅི།། དངོས་སུ་སྟོང་ངམ་རྟག་པ་ཞེས།། འདི་འདྲའི་ལྷ་དང་ལྡན་པ་ཡི།།
366b3 ཐུབ་པའི་རྣལ་འབྱོར་མི་འཁྲུལ་ལོ།། ཆོས་པ་གཅིག་པུ་རྟོགས་པ་ཡིས།། ཆོས་པར་མངོན་དུ་ཤེས་པ་སྟེ།། དངོས་པོ་ཀུན་གྱི་རང་བཞིན་ཡང་།། དངོས་པོ་གཅིག་གིས་ཤེས་པར་འགྱུར།།
366b4 ཇི་ལྟར་ཇི་བཞིན་བསྲུབས་པའི་ཞོ།། སོར་མོའི་རྩེ་མོས་མངོན་ཤེས་པ།། དེ་བཞིན་དངོས་པོ་ཐམས་ཅད་ཀྱི།། རང་བཞིན་དངོས་པོས་ཤེས་པར་འགྱུར།། དངོས་པོ་ཅི་མེད་སྟོང་པ་ཉིད།།
366b5 དངོས་པོ་དངོས་པོར་ཡོད་པའང་མེད།། འདི་དག་ཀུན་གཞིའི་རྣམ་པ་སྟེ།། སྟོང་ཉིད་ཀུན་གཞི་རྣམ་པའོ།། རྒྱལ་སྲས་རྡུམ་འཇིགས་མེད་པས།། རྡོ་རྗེའི་སྙིང་པོ་དེ་ལ་སྨྲས།།
366b6 ལུས་ཅན་རྣམས་ཀྱིས་ཁམས་ཀྱི་མི།། ཇི་ལྟ་བུར་ན་སེམས་ཙམ་འགྱུར།། འབྱུང་བ་ཆེན་པོ་རྒྱུར་བྱས་ཤིང་།། འབྱུང་ལས་བྱུང་བ་ཇི་ལྟ་བུ།། གཡོ་ག་ཤེར་ཚ་དང་སྲ་བ་ཡི།། ཁམས
366b7 རྣམས་ཇི་ལྟར་འབྱུང་བར་འགྱུར། ། རྒྱལ་སྲས་རྡོ་རྗེ་སྙིང་པོ་ཡིས།། དུ་མའི་བདག་པོའི་ཚིག་ཟོས་ནས།། མི་འམ་ཅི་བདག་ཁྱོད་དག་སྟེ།། ཁྱོད་ནི་དགེའོ་ཡང་དགེའོ།། རྣལ་འབྱོར་ཅན




iiif viewer powered by OpenSeadragon

366a - 367a

Texts on this page

S250 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo