e-texts navigator
Collection
Volume
Page
Wylie

249b1 ། ཡང་གཤིན་རྗེའི་རྒྱལ་པོས་ལན་གསུམ་བསྐོར་ཏེ། དེ་ཉིད་ནས་སོང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ
249b2 ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་མཆི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་མནར་མེད་པའི་སེམས
249b3 ཅན་དམྱལ་བ་ཆེན་པོ་ནས་བྱུང་སྟེ། ཡི་དགས་ཀྱི་གྲོང་ཁྱེར་དུ་སོང་ནས། མགལ་ཤིང་ལྟ་བུ་དང་། ཀེང་རུས་བསྒྲེང་བ་དང་། བདག་གི་སྒྲ་དང་སྤུས་ཡོག་པ་དང་། ལྷོ་རི་དང་འདྲ་བ་དང
249b4 ཁ་རབ་ཀྱི་མིག་ལྟ་བུའི་ཡི་དགས་བརྒྱ་སྟོང་དུ་མ་མདུན་ནས་རྒྱུག་གོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་སང་པོ་ནམ་ཡི་དགས་ཀྱི་གྲོང་ཁྱེར་དུ་སོང་བ་དེའི་ཚེ
249b5 དགས་ཀྱི་གྲོང་ཁྱེར་དེ་བསིལ་བར་འགྱུར། རྡོ་རྗེའི་སེར་བ་དེའང་རབ་ཏུ་ཞི་བར་འགྱུར་རོ།། སྒོ་བ་དེའང་བྱིན་པ་ཐག་ཐུག་ཅན་ལ་མིག་དམར་ཞིང་ལག་ན་འཁར་བ་ཐོགས་པ། ལས་ཀྱིས་འདི
249b6 འདྲ་བ་ནི་བདག་གི་བྱ་བ་མ་ཡིན་ནོ་ཞེས་བྱམས་པའི་སེམས་བསྐྱེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཕྱག་གི་སོར་མོ་བཅུ་ལས་ཆུ་བོ་ཆེན་པོ་བཅུ
249b7 བྱུང་ཞབས་ཀྱི་སོར་མོ་བཅུ་ལས་ཆུ་བོ་ཆེན་པོ་བཅུ་བྱུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཤིན་ཏུ་ཐུགས་བརྩེ་བའི་ཟིལ་གྱིས་ནོན་ནས། བ་སྤུའི




iiif viewer powered by OpenSeadragon

249a - 250a

Texts on this page

S238 - 'phags pa za ma tog bkod pa zhes bya ba theg pa chen po'i mdo