| | e-texts navigator
|
249a1 མཛད་པ། སྲིད་པ་ཐམས་ཅད་དང་མ་འབྲེལ་བ། འཁོར་མང་པོ་འབྱུང་བར་འགྱུར་བ་ཉེ་བར་བསགས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཛད་པ
249a2 མྱ་ངན་ལས་འདས་པའི་ལམ་སྟོན་པར་མཛད་པ། ཡི་དགས་ཀྱི་གྲོང་ཁྱེར་སྐེམས་པར་མཛད་པ། སྐྱེ་བོ་ལ་གདུགས་སུ་གྱུར་པར་མཛད་པ། ནད་ལས་ཡོངས་སུ་ཐར་པར་མཛད་པ།
249a3 ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོའི་མཆོད་ཕྱིར་ཐོགས་པ། དོན་ཡོད་པར་འགྱུར་བའི་ཞགས་པ་སྟོན་པར་མཛད་པ། སྔགས་བརྒྱ་ཕྱག་དུ་མ་དང་ལྡན་པ། ལག་ན་རྡོ་རྗེ་སྐྲག་པ
249a4 མཛད་པ། འཇིག་རྟེན་གསུམ་པོ་སྐྲག་པར་མཛད་པ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། འཕྲ་མེན་པ་དང་། འཕྲ་མེན་མ་དང་། རོ་ལངས་དང
249a5 མཁའ་འགྲོ་མ་དང་། གྲུལ་བུམ་དང་། བརྗེད་བྱེད་རྣམས་སྐྲག་པར་མཛད་པ། སྤྱན་ཨུཏྤལ་སྔོན་པོ་ལྟ་བུ། ཟབ་ཅིང་བསྟན་པར་མཛད་པ། རིག་པའི་བདག་པོ་ཉོན་མོངས་པ
249a6 ཐམས་ཅད་ལས་རྣམ་པར་གྲོལ་བར་མཛད་པ། བྱང་ཆུབ་ཀྱི་ལམ་སྣ་ཚོགས་ཉེ་བར་བསགས་པ། ཐར་པའི་ལམ་དམ་པ་ལ་ཞུགས་པ།། སྐུ་ལ་བྱང་ཆུབ་ཀྱི་ལམ་བསགས་པ།། ཡི་དགས
249a7 ཡོངས་སུ་ཐར་པར་མཛད་པ། ཏིང་ངེ་འཛིན་རྡུལ་ཕྲ་རབ་ལྟ་བུ་བརྒྱ་སྟོང་དང་ལྡན་པ་ལ་ཕྱག་འཚལ་ལོ།། ཞེས་དེ་ལྟར་གཤིན་རྗེའི་རྒྱལ་པོས་ཁྱད་པར་དམ་པའི་བསྟོད་པས་བསྟོད་ནས། སླར
iiif viewer powered by OpenSeadragon
248b - 249b