| | e-texts navigator
|
248b1 དབང་དུ་མཛད་པ། སའི་སྤྱན་དམ་པ་མཛད་པ། དབུགས་འབྱིན་པར་མཛད་པ། ཕྱག་བརྒྱ་སྟོང་པ་སྤྱན་བྱེ་བ་བརྒྱ་སྟོང་པ་དབུ་བཅུ་གཅིག་པ། རྒོད་མའི་བཞིན་ལྟ
248b2 བུའི་མཐར་ཕྱིན་པ། ཆོས་ལ་དགྱེས་པ། སེམས་ཅན་ཐམས་ཅད་ཡོངས་སུ་ཐར་པར་མཛད་པ། རུས་སྦལ་དང་། ཆུ་སྲིན་དང་། ཉ་རྣམས་དབུགས་འབྱིན་པར་མཛད་པ
248b3 ཡེ་ཤེས་ཀྱི་ཕུང་པོ་དམ་པ་མཛད་པ། དགའ་བ་སྩོལ་བ། རིན་པོ་ཆེའི་དཔལ་དམ་པ། མནར་མེད་པ་ཀུན་སྐེམས་པར་མཛད་པ། ཡེ་ཤེས་ཀྱིས་དཔལ་གྱིས་བརྒྱན་པ། ཡེ་ཤེས
248b4 ཁ་དགྱེས་པ། ལྷ་ཐམས་ཅད་ཀྱིས་མཆོད་པ་དང་ཕྱག་འཚལ་བ། བཀུར་སྟི་བགྱིས་པ། མི་འཇིགས་པ་སྩོལ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པར་མཛད་པ། ཉི་མ་ལྟ
248b5 བུའི་སྤྱན་མཆོག་མཛད་པ། ཆོས་ཀྱི་སྒྲོན་མ་མཛད་པ། ཇི་ལྟར་དགྱེས་པའི་གཟུགས་མཆོག་དྲི་ཟའི་གཟུགས་དང་ལྡན་པ། གསེར་གྱི་རིའི་གཟུགས་དང་མཚུངས་པ། རྒྱ་མཚོ
248b6 མཆིང་རྣམས་ཀྱི་གློང་བཞིན་དུ་ཟབ་པའི་ཆོས་ཅན། དོན་དམ་པའི་རྣལ་འབྱོར་རྗེ་སུ་ཐོབ་པ། བདག་གི་ཞལ་སྟོན་པར་མཛད་པ། ཏིང་ངེ་འཛིན་བརྒྱ་སྟོང་དུ་མ་དང་ལྡན་པ
248b7 མངོན་པར་དགྱེས་པར་མཛད་པ། སྐུ་བརྒྱན་པ། སྐྱེས་བུའི་ཁྱུ་མཆོག་མཛད་པ། ཁུ་སྒོ་དང་། ཁོང་སྒྲིལ་དང་། འཁྲུལ་འཁོར་གྱི་ལམ་ལས་ཡོངས་སུ་ཐར་པར
iiif viewer powered by OpenSeadragon
248a - 249a