| | e-texts navigator
|
248a1 ལྟས་བྱུང་སྟེ། སྐྱེས་བུ་ཇི་ལྟར་འདོད་པའི་གཟུགས་ཅན། རལ་པའི་ཅོད་པན་ཅན། ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱིན་པ་དང་བསིལ་བར་གྱུར་ཏོ།།
248a2 གང་གི་ཚེ་དེ་ཕྱིན་པ་དེའི་ཚེ། མེ་ཏོག་པདྨ་ཤིང་རྟའི་འཁོར་ལོ་ཙམ་ཡང་བྱུང་། སྣོད་དེའངགས་ཞུགས་ཀྱི་འོབས་དེར་ཡང་རྫིང་བུ་བྱུང་བར་གྱུར་ཏོ།། དེ་ནས་གཤིན་རྗེའི་རྒྱལ་པོ
248a3 སེམས་པར་གྱུར་ཏེ། མཐུ་འདི་ལྷ་གང་གི་ཡིན། ཡང་ན་ལྷའི་བུ་དབང་ཕྱུག་ཆེན་པོ་དང་། མཐུ་བོ་ཆེ་ལས་དམ་པ་ཐོབ་པ་ཞིག་ས་འདིར་འོངས་སམ། ཡང་ན་སྲིན་པོ་མཐུ་བོ་ཆེ་ལྷའི་ལྷ་བ
248a4 གླང་གི་སྟོབས་དང་འགྲན་པ་ཉིད་སྐྱེས་སམ་ཞེས། དེས་ལྷའི་མག་གིས་རྣམ་པར་ལྟས་ན།། ལྷའི་སྡེའི་ནང་ན་དམ་པ་དེ་ལྟ་བུ་མ་མཐོང་ངོ་།། དེ་ནས་སླར་ཡང་སེམས་ཅན་དམྱལ་བ
248a5 ཆེན་པོ་དེ་བལྟས་སོ། ། དེས་བལྟས་པ་དང་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཉིད་བཞུགས་པར
248a6 མཐོང་ངོ་། ། དེ་ནས་གཤིན་རྗེའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
248a7 ཕྱག་འཚལ་ནས་བསྟོད་པའི་ཁྱད་པར་བྱེད་པར་བརྩོན་པ། སྤྱན་རས་གཟིགས་ཀྱི་དབང་པོ། དབང་ཕྱུག་ཆེན་པོ། པདྨ་ལ་དགྱེས་པ། དམ་པ་སྩོལ་བ
iiif viewer powered by OpenSeadragon
247b - 248b