e-texts navigator
Collection
Volume
Page
Wylie

247b1 བའི་རྒྱལ་པོ་ལྷའི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་སྐྱེད་མོས་ཚལ་དུ་འཇུག་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའང
247b2 མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་འཇུག་མོད་ཀྱི་དེའི་ལུས་ལ་གཞན་དུ་འགྱུར་བ་མེད་དོ། ། ནམ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་ཉེ་བར་འགྲོ་བ་དེའི
247b3 མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དེ་བསིལ་བར་འགྱུར་ཏེ། དེའི་ཚིག་ཤིན་རྗེའི་མི་དེ་དག་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཅི་མི་དགེ་བའི་ལྟས་ཤིག་བྱུང་ན། ནམ་བྱང
247b4 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འོངས་པ་དེའི་ཚེ། མེ་ཏོག་པདྨ་ཤིང་རྟའི་འཁོར་ལོ་ཙམ་བྱུང་ཞིང་། སྣོད་དེའང་གསལ། མེའི་འོབས་དེ་ཉིད་དུ
247b5 འང་རྫིང་བུ་བྱུང་བར་གྱུར་ཅེས་སྐྱོ་བར་གྱུར་ཏོ། ། དེ་ནས་གཤིན་རྗེའི་སྐྱེས་བུ་དེ་དག་རལ་གྲི་དང་། གཏུན་དང་། མཚོན་ཆ་བྷི་ཎྜི་པཱ་ལ་དང་།། ཏོ་མར་དང་། འགའ་ད་དང་། འཁོར་ལོ
247b6 དང་། རྩེ་གསུམ་པ་ལ་སོགས་པ་ཐོགས་ནས། གཤིན་རྗེའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འདི་སྐད་ཅེས་སྨྲས་སོ།། ལྷ་བདག་ཅག་གིས་སུག་ལས་ཀྱི་དོག་ས་དེ་ཡོངས་སུ་བས
247b7 པར་མཁྱེན་པར་མཛོད་ཅིག། ཅིའི་ཕྱིར་ཁྱོད་ཀྱི་ལས་ཀྱིས་ཡོངས་སུ་ཟད། ལྷ་ཅི་ལགས། མི་མཁྱེན་ཏམ། མནར་མ་མཆིས་པའི་སེམས་ཅན་དམྱལ་བ་དེར་ཐོག་མ་ཁོ་ནར་མི་དགེ་བ




iiif viewer powered by OpenSeadragon

247a - 248a

Texts on this page

S238 - 'phags pa za ma tog bkod pa zhes bya ba theg pa chen po'i mdo