e-texts navigator
Collection
Volume
Page
Wylie

246b1 ཀྱང་བྱུང་སྟེ། ལ་ལ་ནི་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཡོངས་སུ་གང་། ལ་ལ་ནི་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གང་བདག་འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལ་དང་། པདྨོ་དང
246b2 ཀུ་མུ་ད་དང་། པུཥྐ་རི་ཀ་དང་། མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་དང་། ཨུ་དུམྦཱ་ར་དག་གིས་ཡོངས་སུ་གང་ངོ་།། གཞན་ཡང་ཤིང་གི་མེ་ཏོག་རྣམ་པ་སྣ་ཚོགས་སྐྱེ་བ་འདི་ལྟ་སྟེ། མེ་ཏོག
246b3 ཙམ་པ་ཀ་དང་། ཀ་ར་བི་ར་དང་། པཱ་ཊ་ལ་དང་། ཨ་ཏི་མུཀྟི་ཀ་དང་། དབྱར་གྱི་དྲི་དང་། གཞན་ཡང་ཤིང་གི་མེ་ཏོག་ཡིད་དགའ་བ་དག་ཀྱང་འབྱུང་སྟེ། འཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དེ
246b4 ཡོངས་སུ་མཛེས་པར་བྱས་པ་ཉིད་དུ་སྣང་ངོ་། ། དེ་ནས་འཁོར་དེ་ཉིད་ཀྱི་ནང་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག
246b5 ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
246b6 བདག་ནི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་ཐོབ་བོ། ། བཅོམ་ལྡན་འདས་འོད་ཟེར་ཆེན་པོ་འདི་དག་ག་ལས་མཆིས། རྫུ་འཕྲུལ་གྱི་ཡུལ་གྱི་མཐུ་འདི་སུའི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩས
246b7 བ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འདི་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་ནས་སེམས་ཅན་རྣམས་ཡོངས




iiif viewer powered by OpenSeadragon

246a - 247a

Texts on this page

S238 - 'phags pa za ma tog bkod pa zhes bya ba theg pa chen po'i mdo