e-texts navigator
Collection
Volume
Page
Wylie

242b1 སིལ་སྙན་སྒྲ་བསྒྲགས་དང་། དྲི་བའི་རྒྱལ་པོ་རྒྱན་གྱིས་བརྒྱན་པ་དང་། དྲི་ཟའི་རྒྱལ་པོ་གཞོན་ནུར་སྣང་བ་དང་། དྲི་བའི་རྒྱལ་པོ་ལག་པ་བཟང་པོ་དང་ལྡན་པ་དང་། དྲི་བའི་རྒྱལ་པོ་ཆོས
242b2 དགའ་དང་། དེ་ལྟ་བུ་ལ་སོགས་པ་དྲི་ཟའི་རྒྱལ་པོ་བརྒྱ་སྟོང་དུ་མ་དག་ཚོགས་སོ།། འཁོར་དེར་མི་འམ་ཅི་བརྒྱ་སྟོང་དུ་མ་ཚོགས་པ་འདི་ལྟ་སྟེ། མི་འམ་ཅིའི་རྒྱལ་པོ་བཞིན་བཟང་དང
242b3 མི་འམ་ཅིའི་རྒྱལ་པོ་ཅོད་པན་ཅན་དང་། མི་འམ་ཅིའི་རྒྱལ་པོ་ས་རི་བཞིན་དང་། མི་འམ་ཅིའི་རྒྱལ་པོ་རབ་ཏུ་དགའ་བྱས་དང་། མི་འམ་ཅིའི་རྒྱལ་པོ་འཁོར་ལོ་བཀོད་པ་དང་། མི་འམ
242b4 ཅིའི་རྒྱལ་པོ་མེ་ཏོག་གཏོར་བ་དང་། མི་འམ་ཅིའི་རྒྱལ་པོ་ནོར་བུ་དང་། མི་འམ་ཅིའི་རྒྱལ་པོ་གསུས་ཤོལ་དང་། མི་འམ་ཅིའི་རྒྱལ་པོ་བརྩོན་འགྲུས་བརྟན་པ་དང་། མི་འམ་ཅིའི་རྒྱལ་པོ
242b5 ཤིན་ཏུ་འཐབ་དང་། མི་འམ་ཅིའི་རྒྱལ་པོ་བཞིན་བརྒྱ་པ་དང་། མི་འམ་ཅིའི་རྒྱལ་པོ་ཤིང་རློན་དང་། དེ་ལྟ་བུ་ལ་སོགས་པ་མི་འམ་ཅིའི་རྒྱལ་པོ་བརྒྱ་སྟོང་དུ་མ་དག་ཚོགས་སོ།།
242b6 ལྷའི་བུ་མོ་བརྒྱ་ཕྲག་དུ་མ་དག་ཚོགས་པ་འདི་ལྟ་སྟེ། ལྷའི་བུ་མོ་ཐིག་ལེ་མཆོག་ཅེས་བྱ་བ་དང་།། ལྷའི་བུ་མོ་ཤིན་ཏུ་བཀོད་པ་ཞེས་བྱ་བ་དང་། ལྷའི་བུ་མོ་གསེར་གྱི་སྐ་རགས་ཞེས་བྱ་བ་དང་།
242b7 ། ལྷའི་བུ་མོ་རྒྱན་པ་ཞེས་བྱ་བ་དང་། ལྷའི་བུ་མོ་གདོས་འཛིན་ཅེས་བྱ་བ་དང་། ལྷའི་བུ་མོ་བདུད་རྩིའི་ཐིག་པ་ཞེས་བྱ་བ་དང་། ལྷའི་བུ་མོ་ལུས་ཡོངས་སུ་མཛེས་མ་ཞེས་བྱ་བ་དང་། ལྷའི་བུ་མོ་ནོར




iiif viewer powered by OpenSeadragon

242a - 243a

Texts on this page

S238 - 'phags pa za ma tog bkod pa zhes bya ba theg pa chen po'i mdo