| | e-texts navigator
|
242a1 པོ་རྣམས་ཀྱང་ཚོགས་སོ། ། གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་ཚོགས་ཏེ། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། མཐུ་བོ་ཆེ་ལ་སོགས་པ་ཉི་མ་དང
242a2 ཟླ་བ་དང་། རླུང་གི་ལྷ་དང་། ཆུའི་ལྷ་ལ་སོགས་པ་ལྷའི་བུ་དེ་དག་ཚོགས་པ་དང་ལྷན་ཅིག་ཏུ། བརྒྱ་བྱིན་ལྷའི་དབང་པོ་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དག་ཀྱང་ཚོགས་སོ།།
242a3 འཁོར་དེ་ན་ཀླུའི་རྒྱལ་པོ་བརྒྱ་སྟོང་དུ་མ་ཚོགས་པ་རྣམས་འདི་ལྟ་སྟེ། ཀླུའི་རྒྱལ་པོ་ཨུཏྤ་ལ་དང་། ཀླུའི་རྒྱལ་པོ་ཨེ་ལའི་ལོ་མ་ཅན་དང་། ཀླུའི་རྒྱལ་པོ་ཉ་ཟན་དང་། ཀླུའི་རྒྱལ་པོ
242a4 བ་ལང་གི་བདག་པོ་དང་། ཀླུའི་རྒྱལ་པོ་མགོ་བརྒྱ་པ་དང་། ཀླུའི་རྒྱལ་པོ་ཧུ་ལུ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་གླང་མགོ་དང་། ཀླུའི་རྒྱལ་པོ་རི་དགས་མགོ་དང་།
242a5 ཀླུའི་རྒྱལ་པོ་རྟ་མགོ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་བསྙེན་དགའ་བོ་དང་། ཀླུའི་རྒྱལ་པོ་བང་སཱི་རིགས་ཀྱི་བུ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ
242a6 མཚོ་མཆིང་རྣམས་དང་། དེ་ལྟ་བུ་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱ་སྟོང་དུ་མ་དག་ཀྱང་ཚོགས་སོ།། དྲི་ཟའི་རྒྱལ་པོ་བརྒྱ་སྟོང་དུ་མ་དག་ཀྱང་ཚོགས་པ་འདི་ལྟ་སྟེ། དྲི་ཟའི་རྒྱལ་པོ་རྔའི་དབྱངས་ཀྱི་རྒྱལ་པོ་དང་།
242a7 དྲི་ཟའི་རྒྱལ་པོ་ཡིད་དུ་འོང་བའི་དབྱངས་དང་། དྲི་ཟའི་རྒྱལ་པོ་ལག་པ་སྟོང་དང་ལྡན་པ་དང་། དྲི་ཟའི་རྒྱལ་པོ་བློ་གྲོས་ཆེན་པོ་དང་། དྲི་ཟའི་རྒྱལ་པོ་ལུས་སིམ་པར་བྱེད་པ་དང་། དྲི་ཟའི་རྒྱལ་པོ
iiif viewer powered by OpenSeadragon
241b - 242b