| | e-texts navigator
|
9a1 ཏུ་སྣང་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ
9a2 ཕྱིན་པ་ལ་བསླབ་པར་བྱ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཐབས་ལ་མཁས་པའི་ཏིང་ངེ་འཛིན་ཉི་མ་ཞེས་བྱ་བ་ཡོད་པས། དེ་ལ་བྱང་ཆུབ་སེམས་དཔ
9a3 རྣམས་ཀྱིས་བསླབ་པར་བྱའོ། ། བཅོམ་ལྡན་འདས་ལ་གསོལ་པ། ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟར་ཐབས་ལ་མཁས་པའི་ཉི
9a4 མའི་ཏིང་ངེ་འཛིན་ནི་རྣམ་པ་བདུན་ཡོད་དེ། གང་ཞེ་ན། དང་པོ་འདི་ལྟར་ཉི་མས་མྱུ་གུ་སྨིན་པར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་མ་ལྟ་བུས། སེམས་ཅན་རྣམས་ལ
9a5 བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་མཛད་དོ། ། གཉིས་པ་ཉི་མ་ལ་དབྱེ་བསྐོལ་མེད་པ་ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཐུགས་རྗེ་ནི་སེམས་ཅན་ཐམས་ཅད་ཀུན་ལ་སྙོམས་པར་མཛད་དོ།།
9a6 གསུམ་པ་ཉི་མས་ཉལ་ཉིལ་སྲེག་པ་ལྟར། བྱང་ཆུབ་སེམས་དཔའི་ལྷག་མཐོང་གི་ཤེས་རབ་ཀྱིས་ཉོན་མོངས་པའི་ཉལ་ཉི་ལ་རྣམས་སྲེག་པར་བྱེད་དོ།། བཞི་པ་ནི་ཉི་མས་འཁྱགས་པ་འཇུ་བ
9a7 ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གཉེན་པོ་ཡེ་ཤེས་དང་ལྡན་པས་ཉོན་མོངས་པ་འཁྱགས་པ་ལྟ་བུ་འཇུ་བར་བྱེད་དོ།། ལྔ་པ་ནི་ཉི་མས་མུན་པ་སེལ་བ་ལྟར། བྱང་ཆུབ་སེམས
iiif viewer powered by OpenSeadragon
8b - 9b