| | e-texts navigator
|
94a1 བསྒྲལ་པ་བཤད་དེ། སེམས་ཅན་གྱི་རྣམས་ཐོས་བཞུང་ལ་ཤེས་པ་དང་། མཐོང་བ་ཉུང་ལ་རིག་པ་དང་། ཡི་གེའི་རི་མོ་མང་དུ་བ་འཚལ་བར་གཞུང་གི་མངོན་བརྟགས
94a2 ཐོབ་སྟེ། ཆོས་ཉུང་ངུས་ཡང་དག་པར་གྲོལ་ཐར་ལ། གཞན་དོག་པ་འདྲིབ་མ་མཆིས་པར་དམིན། སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ། བདག་ལ་བཀྲོལ་བཤད་པར
94a3 སྨོན་ནོ། ། སངས་རྒྱས་ཀྱིས། ཕལ་མང་པོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་འདིས་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་སངས་རྒྱས་རྣམས་ལ་ཡོན་གསོལ་མྱོང་ཟིན་པས་ན
94a4 ཐབས་སྤྱོད་པ་མཁས་ཏེ། སེམས་ཅན་ལར་མདའ་བྱ་ཞིང་བསྒྲལ་ནུས་སོ།། བྱང་ཆུབ་སེམས་དཔའ་འདིརརོ་བྲོ་བའི་རླུང་སྤྱད་དེ། སེམས་ཅན་རྣམས་ཀྱི་སྲོག་འཐུང་ནུས་སོ།། ཁྱེད་ལ་སོགས་པ་ད་ལྟ
94a5 བའི་དང་། མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་འདི་ནི་མིང་གཟུངས་སུ་བཟུང་གི་སྟེང་དུ། དགེ་བའི་བཤེས་གཉེན་ཆེན་པོ་གྱིས། མྱ་ངན་ལས་འདས་པའི་ཤེས
94a6 རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པར་ཐར་པ་ཐོགས་པ་མེད་པ་ཐོབ་བོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོས་ས་ལ་གཏུགས་ཏེ། ཕྱག་འཚལ་ནས་ལངས་ཏེ། དེའི་གཞི་ནས་མྱ་ངན་ལས
94a7 འདས་པ་ཆེན་པོར་ཞུགས་ནས། སྟོང་པར་གྲོལ་ཐར་པ་གོ་སྟེ། ཆགས་པ་མེད་པའི་ས་ལས་རྐང་པ་བཏེག་པ་དང་། རྐང་པ་བོར་བ་ཀུན་ཀྱང་གཙང་གདང་པ་བགྲོད་དེ་ཐལ་མོ་སྦྱར་ནས
iiif viewer powered by OpenSeadragon
93b - 94b