e-texts navigator
Collection
Volume
Page
Wylie

93b1 རྣམས་དང་བྲལ་ཏེ། ཆགས་པ་མེད་པའི་ནང་དུ་ཆུད་པར་ནུས་སོ།། ཅིའི་ཕྱིར་ཞེས་བྱས་ན། ཕྱི་མོ་སེམས་ཅན་ལ་བསླབས་ཏེ། སྨན་བཟང་པོ་འདི་བཤད་དོ།། ནད་ཀྱི་རྣམས་གསོལ་ལ་ཀུན
93b2 སོས་པར་འཚལ་ལོ། ། ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདིའི་རྡོ་རྗེ་ཤེས་རབ་ཀྱི་གྲིས་སེམས་ཅན་རྣམས་ཀྱི་མ་རིག་པའི་ཡིད་བྲེག་གོ། ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་གཙང་གདང་བའི་ཆོས་སྤྱད
93b3 དེ། སེམས་ཅན་རྣམས་ཀྱི་གདུག་པ་གསུམ་གྱི་དྲི་མ་བརྡབ་ཅིང་བསལ་ལོ།། ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་ཤེས་རབ་ཀྱི་སྟོབས་པོ་ཆེ་སྤྱད་དེ་སེམས་ཅན་དཀྲིས་པ་བཅུས་བཅིངས་པ་གྲོལ་ཐར
93b4 པར་འཚལ་ལོ། ། ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་ངོ་བོ་ཉིད་གཙང་གདང་བར་གཅིག་ཏུ་སྤྱད་དེ། སེམས་ཅན་རྣམས་ཀུན་གྱིས་ལུས་གཅིག། སེམས་གཅིག། སངས་རྒྱས་གཅིག། ངོ་བོ
93b5 ཉིད་གཅིག། གཙང་གདང་བ་གཅིག་ཐོབ་སྟེ། ཐེག་པ་ཚིགས་ཀྱི་ནང་དུ་ཆུད་ཡང་དག་པར་འཚལ་ལོ།། སེམས་ཅན་རྣམས་སེམས་ཅན་དམྱལ་བ་ནས་ཐར་ཡང་དག་པར་འཚལ་ལོ།། སེམས
93b6 ཅན་དམྱལ་བ་ནས་ཐར་ཡང་དག་པར་འཚལ་ལོ། ། བདག་གིས་སེམས་ཅན་གྱི་རྣམས་བསྒྲལ་བའི་ར་མདའ་ནུས་ཏེ། སེམས་ཅན་གྱི་རྣམས་སེམས་ཅན་དམྱལ་བ་རྣམས་སུ་ལྷུང་ན། བདག
93b7 གིས་སངས་རྒྱས་ཀྱི་སྐུ་ལུས་ནུབ་ཅིང་མེད་པར་བགྱིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཆོས་འདི་བདག་ལ་གཏད་ཅིང་གདམས་པར་སྨོན་ནོ།། བདག་ལ་ཡང་སེམས་ཅན་རྒྱ་ཅེས




iiif viewer powered by OpenSeadragon

93a - 94a

Texts on this page

S216 - dam pa'i chos kyi rgyal po theg pa chen po'i mdo