e-texts navigator
Collection
Volume
Page
Wylie

93a1 ཆོས་རྣམས་མི་གཅིག་པ་མེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་འདི་གཅིག་པུ་ཐོས་ན་དེ་ནི་ཉུང་དུ་ཐོས་པ་ཡིན་ནོ།། ཆོས་མི་ཤེས་པ་མེད་པ་དེའི་མིང་ནི་མང་དུ་ཤེས་པའོ།།
93a2 ཅིའི་ཕྱིར་ཞེས་བྱས་ན། ཆོས་སོ་ཅོག་གི་ངོ་བོ་ཉིད་གཙང་མ་གཅིག་ལ་འདུས་པའི་ཕྱིར་རོ།། གཅིག་པུ་འདི་མཐོང་བའི་ཕྱིར་རོ།། གཅིག་པུ་འདི་མཐོང་ན་སངས་རྒྱས་ཐམས་ཅད་ཀྱི་ལུས་མཐོང་ངོ་།།
93a3 ཅིའི་ཕྱིར་ཞེས་བྱས་ན། སངས་རྒྱས་སོ་ཅོག་གི་ལུས་ནི་གཙང་མ་གཅིག་ལས་བྱུང་བའི་ཕྱིར་རོ།། གཙང་མ་གཅིག་གིས་ནི་སངས་རྒྱས་གཅིག་གི་ལུས་དང་། སངས་རྒྱས་ཀྱི་ས་གཅིག་དང་། བྱང
93a4 ཆུང་ཀྱི་སྡོང་པོ་གཅིག་ཡིན་ནོ། ། རིགས་ཀྱི་བུ་པོ་ཆོས་འདིའི་ནང་ནས་མྱ་ངན་འཁྲུག་པའི་རྣམས་བཅད་པ་ནི་དཔེར་སྡོང་པོ་བཅད་པ་དང་མཚུངས། རྩ་བ་འབའ་ཞིག་བཅད་ཀྱི། ཡལ་ག་དང་འདབ་མ
93a5 མི་གཅད་དོ། ། ཅིའི་ཕྱིར་ཞེས་བྱས་ན། དཔེར་མི་ལ་ལ་ཞིག་ལུས་ལ་དུག་མདའ་ཕོག་སྟེ། ལུས་ན་ཚ་བ་ལ་མདའ་ཕྱུང་ན་ནི་ནད་ཀྱང་སོས་སོ།། མདའ་མ་ཕྱུང་ན་ནི་ནད་ཀྱང་མི་སོས་སོ།།
93a6 དེལ་བསྡད་དེ་མདའ་དེའི་སྒྲ་ནི་ཙིའི་སྒོ། གཅིག་ཏུ་ན་དེའི་སྨྱུག་རིག་ལས་བྱུང་། མདའ་དེ་སུས་འཕངས་ཞེས་འདྲིན་དེའི་བར་དུ་མཽ་དེ་ན་ཚབས་ཚེ་སྲོག་ཟད་ཟིན་ཏོ།། དེའི་འོག་ཏུ་མདའ་བྱུང་བ་ན་ཕན་པ
93a7 མེད་པར་མངོན་ནོ། ། རིགས་ཀྱི་བུ་བོ་སེམས་མོད་བཞིན་ཁྲུས་ཤིག། སེམས་གཙང་མར་འདུག་ན་དེའི་མིང་ནི་གཙང་ག་དང་ཞེས་བྱའོ།། འདུ་མཆེད་ཀྱི་རྣམས་གདང་ན་ཡོད་པ་ལ་ཆགས་པའི




iiif viewer powered by OpenSeadragon

92b - 93b

Texts on this page

S216 - dam pa'i chos kyi rgyal po theg pa chen po'i mdo