| | e-texts navigator
|
91b1 རྒྱས་བཙལ་དུ་ཡང་མེད། ཆོས་བཤད་དུ་ཡང་མེད། དགེ་འདུན་ཐོབ་པའང་མེད་དོ།། ཇི་ལྟ་ཞེས་བྱས་ན། སངས་རྒྱས་ནི་ཆོས་ཡིན་ནོ།། ཆོས་ནི་དགེ་འདུན་ཡིན་ནོ།། དེ་ལྟ་བས་ནངས
91b2 ཆོས་ཀྱི་ཡི་གེ་འདི་བཤད་པ་སེམས་ཅན་གྱི་ལུས་སེམས་གཅིག། གཙང་གདང་བ་གཅིག། སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག། སངས་རྒྱས་ཀྱི་ཆོས་ཀྱི་ས་གཅིག། བྱང་ཆུབ་ཀྱི་སྡོང་པོ་གཅིག།
91b3 གིས་ཁམས་སོ་ཅོག་ཐམས་ཅད་གང་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་དུ་ཆུད་དོ།། རིགས་ཀྱི་བུ་ཕོ་སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་ཡི་གེ་འདི་ལས་སྐྱེས་སོ།། ཆོས་སོ་ཅོས་ཀུན
91b4 ནི་ཆོས་ཀྱི་ཡི་གེ་འདི་ལས་བྱུང་ངོ་། ། དགེ་འདུན་ཐམས་ཅད་ཀྱང་ཆོས་ཡི་གེ་འདི་ལས་བྱུང་ངོ་།། ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་འཛིན་པ་ནི་མིང་དཀོན་མཆོག་གསུམ་གཟུངས་སུ
91b5 འཛིན་པ་ཞེས་པའོ། ། ཆོས་ཀྱི་ཡི་གེ་འདི་ཀློག་ཅིང་འདིའི་གཞུང་རྒྱ་ཆེར་ཀློག་ཏུ་བཅུག་ན། ལ་ལ་ཞིག་ན་བ་ཡོད་ནའང་ཀུན་སོས་ཏེ་འདྲ་གདོན་དང་། ངན་པའི་རྣམས་ཉེ་ནུས་པ་མེད་དོ།། བྱང་ཆུབ
91b6 སེམས་དཔའ་ཁྱོད་ཀྱིས་སེམས་ཅན་ལ་ཕན་བསོད་དེ་ལྟ་བུ་ཡོད་ཀྱིས། ངས་ཆོས་ཀྱི་ཡི་གེ་འདི་ཁྱོད་ལ་གཏམས་ཏེ། གཏད་ལ་གཅིག་ཏུ་ན་སེམས་ཅན་ལར་མདའ་བྱ་ཞིང་། བསྒྲལ་བའི་ཆོས་ཉུང་ངུ་ཐོས
91b7 པ་ལ་མང་དུ་ཤེས་པ་དང་། ཉུང་ངུ་མཐོང་བ་ལ་མང་དུ་རིག་པ་དང་། ཡི་གེའི་རི་མོ་མང་དུ་མ་བཙལ་བར་གཞུང་གི་མངོན་བརྟགས་ཐོབ་པ་ཡང་བཤད་ཀྱིས། ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ
iiif viewer powered by OpenSeadragon
91a - 92a