e-texts navigator
Collection
Volume
Page
Wylie

8b1 དོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ། ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཧྲཱི
8b2 བང་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། @རྒྱ་གར་སྐད་དུ། ཨཱརྱ
8b3 པྲཛྙཱ་པ་ར་མི་ཏཱཾ་སཱུརྱ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་མའི་མདོ་ཐེག་པ་ཆེན་པོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
8b4 འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ཆོས་ཀྱི་དབྱེ་དགོན་པ་ན་བཞུགས་ཏེ། དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་དང་། བྱང་ཆུབ་སེམ།
8b5 དཔའ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ནས་འདུས་པ་ཚད་མེད་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་ཞེས་བྱ་བ་འདུག
8b6 བ་དེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ལ་ཞུ་བ་མཆིས་ན
8b7 བཅོམ་ལྡན་འདས་གནང་བའི་སྐབས་དབྱེ་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་དང་ཅི་འདོད་པ་དྲིས་དང་ངས་བཤད་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཉི་མ་རང




iiif viewer powered by OpenSeadragon

8a - 9a

Texts on this page

S211 - 'phags pa spyan ras gzigs dbang phyug gis zhus pa chos bdun pa zhes bya ba theg pa chen po'i mdo
S212 - 'phags pa shes rab kyi pha rol tu phyin pa nyi ma'i snying po'i theg pa chen po'i mdo