| | e-texts navigator
|
7b1 པ་ལ་མངོན་པར་བསྟོད་དོ། ། འཕགས་པ་རྒྱལ་བའི་བློ་གྲོས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། ཨོཾ་ཡེ་དྷརྨྨཱ་ཧེ་ཏུ་བྲབྷ་ལཱ་ཧེ་ཏུན་ཏེ་ཥྚཱན་ཏ་ཐཱཿ
7b2 ཏོཧྱ་ཝ་ད་ཏྲ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎ་སྭཱ་ཧཱ།། རྒྱ་གར་སྐད་དུ། ཨཱནྡྷ་བ་ལོ་ཀི་ཏེ་ཤྭ་ར་བ་རི་པྲིཙྪ། སཔ་ཏི་དྷརྨ་ཀ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ།
7b3 བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་ཞུས་པ་ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ
7b4 ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ
7b5 སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་འདས
7b6 ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་པདྨའི་ལྟེ་བ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ན་བ་དྲེར་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད
7b7 ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔས་ཆོས་དུ་ཞིག་ལ་སླབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས
iiif viewer powered by OpenSeadragon
7a - 8a