| | e-texts navigator
|
72b1 པར་འདོད་པས། ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ།། བྱང་ཆུབ་སེམས་དཔའ་ལམ་ལ་འཇུག་པ་དང་། འོད་ཕུན་སུམ་ཚོགས་པ་དང་། སོ་སོ་ཡང་དག་པར་རིག་པའི་སྟོབས་བསྐྱེད་པ་དང་། རྣམ་པར་གདོན་མི་ཟ
72b2 བའི་སྟོབས་བསྐྱེད་པ་ལ་མཁྲ་པ་ཐོབ་པར་འདོད་པས། ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ།། བྱང་ཆུབ་སེམས་དཔའ་སྤོབས་པ་ཕུན་སུམ་ཚོགས་པ་དང་། ལྟ་བ་ཕྱིན་ཅི་མ་ལོག་པ་དང་། མཉམ་པ་ཉིད་རྟོགས་པར་ཁོད།
72b3 དུ་ཆུད་པར་འདོད་པས། ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པ་ནི། ཡོན་ཏན་གྱི་ཕན་ཡོན་འདི་ཐམས་ཅད་འཐོབ་བོ།། དེ་ལྟར་བྱ།
72b4 ཆུབ་སེམས་དཔའ་ཡོན་ཏན་གྱི་ཕན་ཡོན་དང་ལྡན་པ་ནི་སངས་རྒྱས་ཞེས་བྱའོ།། འདྲེན་པ་ཞེས་བྱའོ།། རྣམ་པར་འདྲེན་པ་ཞེས་བྱའོ།། ཡོངས་སུ་འདྲེན་པ་ཞེས་བྱའོ།། སྟོན་པ་ཞེས་བྱའོ།། ཐམས་ཅད་མཁྱེན་པ
72b5 ཞེས་བྱའོ། ། རྒྱལ་བ་ཞེས་བྱའོ།། འཇིག་རྟེན་མགོན་པོ་ཞེས་བྱའོ།། རང་བྱུང་ཞེས་བྱའོ།། དེ་བཞིན་གཤེགས་པ་ཞེས་བྱའོ།། ཇི་ལྟར་སྨྲ་བ་དེ་བཞིན་བྱེད་པ་ཞེས་བྱའོ།། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ
72b6 བ་དང་། མཚུངས་པ་མེད་པའིས་བྱའོ།། མཆོག་པ། ཡང་དག་པར་སྨྲབ། བདེན་པ་ཟླ་བ། དུས་སུ་བྷཱ་བ་ཞེས་བྱའོ།། འདུས་བ་ཟླ་བ~ཾ་ཞེས་བྱའོ།། བླན་མེད་པ་ཞེས་བྱའོ།། མིའི་དམ་པ་ཞེས་བྱའོ།། ཙོམ
72b7 ཕྱིང་འིར། འཇམ་དཔལ་ངས་ཏིང་ངེ་འཛིན་འདི་ལ་གནས་ནས། བཅོམ་ལྡན་འདས་མར་མེ་མཛད་དེ་བཞིན་གཤེགས་པ་མཐོང་མཐག་ཏུ་བྱང་ཆུབ་ཐོབ་བོ།། འཇམ་དཔལ་གྱིས་གསོལ་ཏོ།། གལ་ཏེ་བཅོམ་ལྡན
iiif viewer powered by OpenSeadragon
72a - 73a