e-texts navigator
Collection
Volume
Page
Wylie

6a1 ཆུ་རྔ་ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། ། ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས།། ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་།། ཚུལ་ཁྲིམས་ཅན་ལ།།
6a2 གནོད་མེད་གཞན་ཅི་སྨོས།། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན།། ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་འཐོབ།། ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར།། དེ
6a3 བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། ། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས།། དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར།། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད།། དེ
6a4 བཞིན་ཚུལ་ཁྲིམས་ཆོས་རྣམས་སྐྱེད་པའི་གཞི། ། ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་།། དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས།། དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེས།།
6a5 ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་མམ།། སྣ་དང་རྣ་རྡུམ་ལ་སོགས་གང་ཡིན་པ།། དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར།། རྣ་བས་མ་ཐོས་མིག་སྔར་མ་མཐོང་བཞིན།། བསྟན་བསྲུང
6a6 མི་དེ་མཐོ་རིས་འགྲོ་བར་འགྱུར། ། ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད།། བུད་མེད་བསྟེན་དུ་ག་ལ་རུང་།། རྒྱལ་པོའི་ཕོ་བྲང་ག་ལ་དགའ།། དབུ་བ་སྙིང་པོ་ག་ལ་ཡོད།། ལོངས
6a7 སྤྱོད་རྟག་པ་ག་ལ་ཡིན། ། བུད་མེད་དག་ལ་རུང་བ་མེད།། རྒྱལ་སྲིད་དག་ལ་དགའ་བ་མེད།། དབུ་བ་དག་ལ་སྙིང་པོ་མེད།། ལོངས་སྤྱོད་དག་ལ་རྟག་པ་མེད།། ལོངས་སྤྱོད་དག་ནི་འབབ་ཆུ




iiif viewer powered by OpenSeadragon

5b - 6b

Texts on this page

S209 - tshul khrims yang dag par ldan pa'i mdo