| | e-texts navigator
|
47a1 ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ལྷགས་ནས། བཅོམ་ལྡན་འདས་གང་དུ་ཡང་མ་མཐོང་ངོ་།། མ་མཐོང་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ།། དེའི་ཚེ་དབང་ཆེ་བ་དང
47a2 དབང་ཆེ་བར་གྲགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ཉན་ཐོས་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན
47a3 པོ་དང་། མི་དང་། མི་མ་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྟེང་དུ་སྲིད་པའི་རྩེ་མོ་མན་ཆད་ས་ཕྱོགས་གང
47a4 ཡང་མ་གང་བ་མེད་དེ། ཐ་ན་སྐྲའི་རྩེ་མོའི་ཆ་བཞག་པ་ཙམ་ཡང་མ་གང་བ་མེད་པར་གྱུར་ཏོ།། དེ་ནས་གནས་བརྟན་ཤཱ་ར་དྭ་ཏིའི་དུ་དང་། མོའུ་འགལ་གྱི་བུ་ཆེན་པོ་དང་། གནས་བརྟན་གསུས་པོ་ཆེ་དང་། ཀ་ཏའི་བུ་ཆེན་པོ་དང་།
47a5 འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། གནས་བརྟན་རབ་འབྱོར་དང་། ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་དོང་སྟེ་ཕྱིར་ནས། འཇམ་དཔལ
47a6 གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། ། འཇམ་དཔལ་དེ་བཞིན་གཤེགས་པ་ད་ལྟར་གང་ན་བཞུགས། དེ་བཞིན་གཤེགས་པའི་སྐུའི་ཚུལ་འདི་ཅི་འདྲ། དེ་བཞིན་གཤེགས་པའི་བཞུགས་པ་དེ་ནི་འདྲ། དེ་སྐད
47a7 ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་ཁྱེད་ཐམས་ཅད་ཀྱང་ཉན་ཐོས་ཆེན་པོ་ཤེས་རབ་དང་ལྡན་པ། རྫུ་འཕྲུལ་ཆེན་པོ་དང
iiif viewer powered by OpenSeadragon
46b - 47b