e-texts navigator
Collection
Volume
Page
Wylie

45a1 གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་གཅིག་གིས་ཐོགས་པ་ཚད་མེད་གྲངས་མེད་དཔག་ཏུ
45a2 མེད་པ་བརྒྱ་སྟོང་རྣམས་ཀྱང་། སོ་སོའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྐུལ་ཏེ། རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེང་ཞིག། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
45a3 པར་རྫོགས་པའི་སངས་རྒྱ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་གཟུངས་ཀྱི་སྒོ་དེ་བཞིན་གཤེགས་པའི
45a4 ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། རིགས་ཀྱི་བུ་དག་ཏིང་ངེ་འཛིན་དེ་ཐོས་པ་ཙམ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཅེས་སྤྲསྒྲས་བྱེད་པར་འགྱུར་ཏེ། ཐབས
45a5 མཁས་པ་མེད་པར་བསྐལ་པ་བརྒྱ་སྟོང་དུ་མར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ནི་དེ་ལྟ་མ་ཡིན་གྱིས། ཏིང་ངེ་འཛིན་དེ་ཉན་དུ་དེང་ཞིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སོ་སོའི་དེ་བཞིན་གཤེགས
45a6 པ་རྣམས་ཀྱི་ལྟར་མཉན་ནས། བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ། སངས་རྒྱས་ཀྱི་ཞིང་དེ་དག་ནས་མི་སྣང་བར་གྱུར་ནས། རང་རང་གི་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི
45a7 སྟོབས་བསྐྱེད་པས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་གལ་བ་དང་། དབུས་ཀྱི་གླིང་བནི་པ་ག་ལ་བ་དང་། འཛམ་བུའི་གླིང་ག་ལ་བ་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་དང་། འོད་མའི་ཚར་བྱ།




iiif viewer powered by OpenSeadragon

44b - 45b

Texts on this page

S214 - 'phags pa de bzhin gshegs pa'i ye shes kyi phyag rgya'i ting nge 'dzind zhes bya ba theg pa chen po'i mdo