e-texts navigator
Collection
Volume
Page
Wylie

44b1 རྣམས་དང་། ལྷའི་གཞལ་མེད་ཁང་གི་འོད་ཀྱང་མི་སྣང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་ཀྱང་མི་སྣང་ངོ་།། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ཏིང་ངེ་འཛིན་དེའི་མཐུས་གང་ལྷ་ཁ་ཅིག་ཀྱང
44b2 ལྔལྷའི་དྲི་མི་ཚོར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ལྷའི་དྲི་ལས་ཤིན་ཏུ་འདས་པའི་དྲིས་དྲི་རབ་ཏུ་ཞིམ་པར་བྱས་སོ།། འཇིག་རྟེན་གྱི་བར་ཐམས་ཅད་ཀྱང་ནིང་བར་གྱུར། ཁོར་ཡུག་གི
44b3 རི་དང་། ཁོར་ཡུག་གི་རི་ཆེན་པོ་ཡང་སྣང་བར་བྱས། རི་རབ་དང་། དེ་མ་ཡིན་པའི་རིའི་རྒྱལ་པོ་གཞན་དག་དང་། རི་ནག་པོ་དག་ཀྱང་སྣང་བར་གྱུར་ཏེ། ཕྱིས་ནི་སེམས་ཅན་གང་གི་མིག་གི་དབང་པོ་ཡང་སྣང་བར་མ་གྱུར་ཏོ།།
44b4 སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་། རིན་པོ་ཆེའི་དྲ་བས་ཀུན་ནས་བསྐོར་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ཐམས་ཅད་དུ་ཡང་དར་གྱི་ལྔ་ལྡིས་བྲེས་ཤིང་། པོག་སྣོད
44b5 ནས་སྤོས་ཀྱིས་བདུགས་ལ། མེ་ཏོག་སྣ་ཚོགས་བཀྲམ་པར་གྱུར་ཏོ།། སངས་རྒྱས་ཀྱི་མཐུས་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་གནས་ཀྱང་། བྱ་རྒོད་ཀྱི་ཕུང་པོའི་རི་དང་བཅས་ཏེ། དེ་དག་ཐམས་ཅད་ལག་མཐིལ
44b6 བཞིན་དུ་མཉམ་པར་གྱུར་ཅིང་། ཤིང་རྟའི་འཕང་ལོ་ཙམ་གྱི་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨ་ཆེན་པོ་འདབ་མ་བརྒྱ་སྟོང་ཡོད་པ། དྲི་རབ་ཏུ་ཞིམ་ཞིང་ཡིད་དུ་འོང་བས་ཀུན་གང་བར་གྱུར་ཏོ།། སྟེང་གི་བར་སྣང
44b7 ལས་ཀྱང་རིན་པོ་ཆེའི་དྲ་བའི་གདུགས་ཀྱིས་གཡོགས་ཤིང་བརྒྱན་ནོ། ། ཡུལ་མ་ག་དྷ་ཐམས་ཅད་ཀྱང་། གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བར་གྱུར་ཏོ།། དེ་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང




iiif viewer powered by OpenSeadragon

44a - 45a

Texts on this page

S214 - 'phags pa de bzhin gshegs pa'i ye shes kyi phyag rgya'i ting nge 'dzind zhes bya ba theg pa chen po'i mdo