e-texts navigator
Collection
Volume
Page
Wylie

40b1 ཡིན་ཏེ། སྐྱེ་ཤི་བཀག་ན་སྟོང་ཞི་བ་བཀག་པ་ལགས་སོ།། རྟག་པས་ནི་མི་ཆད་དེ། མི་ཆད་པའི་ཆོས་དེ་ཁམས་གསུམ་གྱི་མི་གཡོ་བའི་ཆོས་རྣམས་དང་བྲལ་ཏེ། བྱ་བ་ཡོད་པའི་ཆོས་ལ་ནི་མེའི་དོན
40b2 ལས་ཡོལ་བ་དང་མཚུངས་སོ། ། གང་ལ་སོགས་པའི་ཆོས་ལ་རྟེན་ཏེ། བདག་གིས་བདག་སྤྱོད་པ་ལ་སྒོ་མོ་དེ་གཅིག་པུར་འཇུག། སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔས་དོན་ཆེན
40b3 པོ་གསུམ་ལ་རང་གི་སེམས་སྤྱོད་དེ། བདེན་པ་ཆེན་པོ་གསུམ་གྱི་སྤྱོད་པ་དེར་འཇུག་གོ།། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཇི་ལྟ་བུར་དོན་གསུམ་ལ་བདག་གི་སེམས་སྤྱོད། ཇི་ལྟ་བུར
40b4 ན་བདེན་པ་གསུམ་གྱི་སྤྱོད་པ་གཅིག་ཏུ་འདུག། སངས་རྒྱས་ཀྱིས་གསུངས་པ། དོན་ཆེན་པོ་གསུམ་ཞེས་བགྱི་བ་ནི་རྒྱུའོ།། གཉིས་ནི་འབྲས་བུའོ།། གསུམ་ནི་རྣམ་པར་ཤེས་པའོ།། དེ་ལྟ་བུའི་དོན་གསུམ
40b5 ཕྱི་མོ་ནས་སྟོང་པ་མེད་པ་སྟེ། ང་དང་ཡང་དག་པའི་ང་མེད་ན། ཇི་ལྟ་བུར་དེ་ལ་སྲེད་ཅིང་ཆགས་པ་སྐྱེ། དོན་གསུམ་ལ་བརྟགས་ན་བཅིངས་པར་ཁྱེར་ཏེ། ཁྱེར་བས་སྡུག་བསྔལ་གྱི་ཚེར་འབབ་བོ།། དེ་བས་ན་རྟག་པར
40b6 ངདག་སྤྲོ། བདེན་པ་གསུམ་ཞེས་བྱ་བ་ནི། གཅིག་ནི་བྱང་ཆུབ་ཀྱི་ལམ་སྟེ། མཉམ་སྙོམས་པའི་བདེན་པ་ཡིན་གྱི། མི་སྙོམས་པའི་བདེན་པ་མ་ཡིན་ནོ།། གཉིས་ནི་ཚོར་བ་ཆེན་པོའི་དྲང་པོའི་ཡེ་ཤེས་ཐོབ་པའི་བདེན་པ
40b7 ཡིན་ནོ། ། གསུམ་ནི་ཤེས་རབ་དང་འཐུན་པ་དང་ཐ་དད་པ་སྤང་པ་མེད་པའི་ཞུགས་པའི་བདེན་པ་སྟེ། གོ་བདུན་སྤྱད་པས་ཞུགས་པ་བདེན་པས་མ་ཡིན་ནོ།། བདེན་པ་འདི་གསུམ་སྤྱད་དེ། སངས་རྒྱས་ཀྱི་ལམ་སྤྱད་ན། དེ




iiif viewer powered by OpenSeadragon

40a - 41a

Texts on this page

S213 - rdo rje'i ting nge 'dzin gyi chos kyi rnam grangs yi ge