e-texts navigator
Collection
Volume
Page
Wylie

38b1 དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་དོ།། ཆོས་ཀྱི་ཕྱི་མོ་ཡོང་ཡེ་མེད།། བདག་དང་གཞན་ཡང་དེ་བཞིན་ནོ།། ཐོག་མ་མེད་ཅིང་ཐ་མའང་མེད།། གྲུབ་དང་ཞི་ལའང་མི་ཆགས་སོ།། དེ་ནས་བྱང
38b2 ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་སོ་ཅོག་གི་མཚན་མ་ནི་ཕྱི་མོ་ནས་མྱ་ངན་ལས་འདས་ཏེ། མྱ་ངན་ལས་འདས་པ་དང་སྟོང་པའི་མཚན་མ་ཡང་དེ་བཞིན་ནོ།། དེ་ལ་སོགས་པའི་ཆོས་མེད་པ
38b3 ནི་ཆོས་མི་གཡོ་བའི་དང་འཐུན་ནོ། ། སངས་རྒྱས་ཀྱིས་གསུངས་པ། དེ་ལྟ་བུའི་མེད་པ། ཆོས་དེ་ནི་མི་གཡོ་བ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བསམ་གྱིས་མི་ཁྱབ་བོ།། དེ་ལྟ།
38b4 བུའི་མི་གཡོ་བའི་མཚན་མ་ནི་འཐུན་པ་ཡང་མ་མཆིས། མི་མཐུན་པ་ཡང་མ་མཆིས་ཏེ། ཡིད་ཀྱིས་བླངས་པ་དང་། ལས་ཀྱིས་བླངས་པ་ཀུན་སྟོང་པ་མི་གཡོ་བའོ།། སྟོང་པ་མི་གཡོ་བའི་སེམས་ཀྱི་ཆོས་དང
38b5 ལྷན་ཅིག་པ་དང་། མི་གཅིག་པ་བླང་དུ་རུང་བ་དང་། སྟོང་པ་ཞི་བའི་རིགས་སོ།། དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་དོ།། སྟོང་པ་མི་གཡོའི་ཆོས་རྣམས་ནི།། ཆོས་དང་མི་གཡོ་མི་སྟོང་ངོ་།།
38b6 སེམས་དེ་མི་གཡོ་བ་ཡི་ཚེ།། དེས་སུ་སེམས་ནི་ཐོབ་པ་མེད།། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་དེ་ལ་བདེན་པ་མ་མཆིས་ནས། ཁ་དོག་སྟོང་པའི་སེམས་ཀྱང་ཞིའོ།། ཆོས་དེ་ཕྱི་མོ་ནས
38b7 ཞི་བས་ཆོས་དེ་ཞི་བའི་ལེགས་པའི་རིགས་སོ། ། དེ་ནས་ཞི་བ་ཡང་མ་མཆིས་ན། ཇི་ལྟ་བུར་གཅིག་ཅེས་བགྱི། དེ་ནས་བཙུན་པས་ཚིགས་སུ་བཅད་པ་བཤད་པ། ཆོས་ནི་གནས་མལ་མེད་ལ་འདུག། གཟུགས་དང




iiif viewer powered by OpenSeadragon

38a - 39a

Texts on this page

S213 - rdo rje'i ting nge 'dzin gyi chos kyi rnam grangs yi ge