| | e-texts navigator
|
11b1 ཀུན་འཇིག་རྟེན་ཁམས་ལས་བྱུང་། ། མ་གྲོལ་མཐར་ཡོང་ཡེ་མེད།། གྲངས་མེད་བྱང་ཆུབ་སེམས་དཔའ་རྣམས།། ཐམས་ཅད་ཀུན་ཀྱང་སེམས་ཅན་སྒྲོལ།། ཕལ་ཕྱིར་ཡངས་ཤིང་ཟབ
11b2 པ་དྲིས། ། སྟོང་པ་ཞི་བའི་ཆོས་མཚན་རིག། མི་འགྱུར་གནས་པའི་དེ་ཡི་རིག། ཡང་དག་གཤེགས་པའི་ཡེ་ཤེས་ཐབས།། དེ་ཕྱིར་མངོན་བཞུགས་བདེན་པ་འཆང་།། ཀུན་ཀྱང་ཐེག
11b3 པ་གཅིག་བཞིན་འབྲང་། ། གོ་བདུན་རྣམས་ཀྱི་རོ་བྲོ་མེད།། དཔེ་རུ་ཆར་གཅིག་རླན་གྱིས་སུ།། རྩཝ་རྣམས་ཐམས་ཅད་ཀུན་རྒྱས་ནས།། སོ་སོའི་རང་བཞིན་ཐ་དད་དོ།། ཆོས་རོ་གཅིག་གི
11b4 བངས་པ་ནི། ། ཐམས་ཅད་ཀུན་ཏུ་ཁྱབ་པར་གང་།། དཔེ་རུ་ཆར་དེས་བངས་དང་འདྲ།། ཀུན་ཀྱང་བྱང་ཆུབ་མྱུ་གུ་སྐྱེ།། རྡོ་རྗེ་རྡོ་འདྲ་དེ་རུ་ཞུགས།། ཡང་དག་བདེན་ཐུབ་ཆོས་བཤད་དོ།།
11b5 འགྱུར་དོགས་པ་ཡི་འགྱོད་པ་བཅད།། ཚོགས་གཅིག་རྒྱས་བཏབ་ཀུན་ཀྱང་འགྲུབ།། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེའི་ལེའུ་གཉིས་ཏེ། མཚན་མ་མེད་པའི་ཆོས་ཀྱི་ལེའུའོ།།
11b6 ། དེ་ནས་བཙུན་པ་ཏིང་ངེ་འཛིན་ལས་བཞེངས་ནས། འདི་སྐད་ཅེས་གསུངས་སོ།། སངས་རྒྱས་ཡེ་ཤེས་ཀྱིས་ནི་ཡང་དག་པའི་ཆོས་ཀྱི་མཚན་མར་ཞུགས་ཏེ། ངོ་བོ་ཉིད་མི་འགྱུར་བའི
11b7 ཕྱིར་རོ། ། ཐབས་ཀྱི་རྫུ་འཕྲུལ་ཀུན་ཀྱང་མཚན་མ་ཡང་མེད། ཕན་པ་ཡང་མེད་དོ།། ཚོགས་པ་གཅིག་གིས་གཞུང་རྟོགས་པས་ནི་ཤེས་པར་ཡང་དཀའ། ཆུད་པར་ཡང་དཀའ་སྟེ། ཐེག་པ
iiif viewer powered by OpenSeadragon
11a - 12a