| | e-texts navigator
|
370b1 ཉེན་ཐོས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། འོད་སྲུངས་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ།། ཁྱོད་ནི་ངའི་ཉན་ཐོས
370b2 ཡིན་ནོ། ། འོད་སྲུངས་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ།། སྟོན་པ་ཡིན་ནོ།། ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ།། ཉན་ཐོས་ཡིན་ནོ།། འོད་སྲུངས་ཁྱོད་རང་གི་སྟན་གང་ཡིན་པ་ལ་འདུག་ཅིག།
370b3 དེ་ནས་ཚེ་དང་ལྡན་པ་ལྷུང་རྒྱས་འོད་སྲུངས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རང་གི་སྟན་གང་ཡིན་པ་ལ་འདུག་གོ།། དེ་ནས་ཡུལ་མ་ཀ་དྷའི་བྲམ
370b4 དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ནི་རལ་པ་ཅན་ལྟེང་རྒྱས་འོད་སྲུངས་ཀྱི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་པ་མ་ཡིན་གྱི། རལ་པ་ཅན་ལྟེང་རྒྱས་འོང
370b5 སྲུངས་ཉིད་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པོ་སྤྱོད་པ་ཡིན་ནོ་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཡུལ་མ་གངྒདྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན།
370b6 སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོའི་གཟུགས་ནི་སྐྱེ་བའང་ཡིན། འཇིག་པའང་ཡིན་ཏེ། དེའི་སྐྱེ་བ་དང་འཇིག་པའང་རྟོགས་པར་བྱའོ།། རྒྱལ་པོ་ཆེན་པོ་ཚོར་བ་དང
370b7 འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྐྱེ་བའང་ཡིན། འཇིག་པའང་ཡིན་ཏེ། དེའི་སྐྱེ་བ་དང་འཇིག་པའང་རྟོགས་པར་བྱའོ།། རྒྱལ་པོ་ཆེན་པོ
iiif viewer powered by OpenSeadragon
370a - 371a