| | e-texts navigator
|
370a1 ནམ་མཁའ་ལ་མངོན་པར་འཕགས་ཏེ། སྤྱོད་ལམ་རྣམ་པ་དནི་པོ་འདི་ལྟ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དེ་དག་བྱེད་དོ།།
370a2 མེའི་ཁམས་ལའང་སྙོམས་པར་ཞུགས་ཏེ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་མེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་།
370a3 སེར་པོ་དཔ་དང་། དམར་པོ་དྲུག་དང་། དཀར་པོ་དགེ་དང་། བཙོད་ལ་དག་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་།། ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་བསྟན་ཏེ། ལུས་ཀྱི་སླད
370a4 ནུས་མེ་འབྲར་ལ། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དང་། ལུས་ཀྱི་སྟོང་ནས་མེ་འབར་ལ། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དག་ཀྱང་རྣམ་པར་སྙན་ཏོ།། ད་ལྟ
370a5 ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས། རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་དག་ཕྱིར་བསྡུས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ
370a6 ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལག།
370a7 སོ།། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ།། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ།། སྟོན་པ་ལགས་སོ།། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ།།
iiif viewer powered by OpenSeadragon
369b - 370b