| | e-texts navigator
|
369b1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྣམས་ལས།། དམ་པ་གང་ཡིན་དེ་ནི་རྟོགས་གྱུར་པ།། དེ་ནི་ཁྱོད་ཀྱིས་ཉེས་སེམས་མ་ཡིན་ཏེ།། ཁྱོད་ཀྱི
369b2 ངེས་པ་ལེགས་པར་རྟོགས་པ་ཡིན། ། འོད་སྲུངས་འཁོར་རྣམས་སྐྱོ་བ་མ་སྐྱེད་ཅིག། དེ་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་ཇི་ལྟར་སེམས་མཉམ་པར
369b3 བཞག་བཞིན་དུ་བདུག་གི་སྟན་གྱི་སྟེང་ན་མི་སྣང་བར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ས། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། སྤྱོད་ལམ་རྣམ
369b4 པ་བཞི་པོ་འདི་ལྟ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱེད་དོ།། མེའི་ཁམས་ལའང་སྙོམས་པར་ཞུགས་ཏེ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས
369b5 མེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་། སེར་པོ་དག་དང་། དམར་པོ་དག་དང་། དཀར་པོ་དག་དང་། བཙོད་ལ་དགྲ
369b6 དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་འབྱུང་ངོ་།། ཆོ་འཕྲུལ་ཟུང་དང་ཀྱང་རྣམ་པར་བསྟན་ཏེ། ལུས་ཀྱི་སྨད་ནས་མེ་འབར་ལྔ། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་བབ་པ་དང་། ལུས་ཀྱི
369b7 སྟོད་ནས་མེ་འབར་ལ། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དག་ཀྱང་རྣམ་པར་བསྟན་ཏོ།། ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ། ལྷོ་དང་། ནུབ་དང། བྱང་ཕྱོགས་ཀྱི་སྟེང་གི
iiif viewer powered by OpenSeadragon
369a - 370a