| | e-texts navigator
|
369a1 ཀྱིས་དྲི་བ་དྲིས་ཏེ། ། ལྟེང་རྒྱུས་གནས་པས་འདི་ལ་ཅི་མཐོང་ན།། ཁྱོད་ཀྱི་མེ་སྤངས་བརྟུལ་ཞུགས་ཁོ་ན་སྤྱོད།། ཁྱོད་ཀྱིས་ཇི་ལྟར་མེ་ཡི་སྦྱིན་སྲེག་སྤངས།། འོད་སྲུངས
369a2 དེ་ཡི་དོན་ནི་ང་ལ་སྨྲོས། ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་ཀྱིས་གསོལ་པ། འདི་ན་ཁ་ཅིག་ཟས་དང་སྐོམ་དག་དང་།། རོ་དང་འདོད་པ་བུད་མེད་བརྗོད་བགྱིས་པོ།། རྫས་བྱུང་དེ་དག་དྲི་མར
369a3 རབ་མཐོང་བས། ། དེ་སླད་མཆོད་སྦྱིན་སྲེད་ལ་བདག་མི་དགའ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལ་ཏ།། གལ་ཏེ་ཁྱོད་ནི་འདོད་དང་ཟས་སྐོམ་དང་།། དེ་བཞིན་རོ་རྣམས་དགྲ་ལ་ཡིད་དགར
369a4 མི་བྱེད་ན། ། ཇི་ལྟར་ལྷ་མིའི་འཇིག་རྟེན་དག་ལ་ཁྱོད་ཀྱི་ཡིད།། དགའ་བར་བྱེད་པ་དྲིས་པ་འོད་སྲུངས་སྨྲོས།། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་ཀྱིས་གསོལ་པ། གོ་འཕང་ཞིང་མཆོག་ཕུང་པོ
369a5 མ་མཆིས་ཤིང་། ། ཅི་ཡང་མ་མཆིས་འདོད་སྲིད་མ་ཆགས་ལ།། མི་འགྱུར་གཞན་གྱིས་མི་བཀྲི་མཐོང་ལེགས་པ།། དེ་སྐད་མཆོད་སྦྱིན་སྲེག་ལ་བདག་མི་དགའ།། མི་ཉམས་ཀོ་འཕང་དམ
369a6 པ་མ་མཐོང་ཚེ། ། མཆོད་སྦྱིན་བརྟུལ་ཞུགས་རྣམས་དང་ཞུགས་ཀྱིས་ཀྱང་།། གྲོལ་བར་འགྱུར་ཞེས་བདག་ཡིད་རྨོངས་གྱུར་ཅིང་།། ལྗོངས་ཤིང་སྐྱེ་ཤིའི་རྗེས་སུ་ཞུགས་པར་གྱུར།། གོརུ་ཏ་མ
369a7 སྐྱེ་མང་དོན་དུ་རྣམ་འདྲེན་པ། ། ཐུབ་པ་བདེན་པའི་རྩལ་མངའ་ཁྱོད་བྱུང་ཞིང་།། གཙོ་མཆོག་སྐྱོབ་པས་ལེགས་བཤད་ད་ལྟར་ནི།། ཀོ་འཕང་འདུས་མ་བགྱིས་དེ་བདག་གིས་མཐོང་།།
iiif viewer powered by OpenSeadragon
368b - 369b