e-texts navigator
Collection
Volume
Page
Wylie

368b1 རང་གི་སྟན་གང་ཡིན་པ་ལ་འདུག་ཅིག། དེ་ནས་ཡུལ་མ་ཀ་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་གོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།
368b2 ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཁ་ཅིག་གིས་བཅོམ་ལྡན་འདས་ལ་མངོན་སུམ
368b3 དུ་ཕན་ཚུན་ཀུན་དགའ་བར་འགྱུར་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་གཏམ་སྣ་ཚོགས་དག་གསོལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ག་ལ་བ་དེ་ལོགས
368b4 སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། ཁ་ཅིག་གིས་ནི་རྒྱང་རིང་པོ་ཁོ་ན་ནས། བཅོམ་ལྡན་འདས་མཐོང་ནས། ཅང་མི་སྨྲ་བས་ཕྱོགས་གཅིག་ཏུ་འཁོད་དོ།།
368b5 དེའི་ཚེ་ན་རལ་པ་ཅན་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ།། དེ་ནས་ཡུལ་མ་ཀ་དཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ཅི་དགེ་སྦྱོང
368b6 ཆེན་པོ་རལ་པ་ཅན་ལྟེང་རྒྱས་འོད་སྲུངས་ཀྱི་དྲུང་ན་ཚངས་པར་སྤྱད་པར་སྤྱོད་དམ། བོན་ཏེ་རལ་པ་ཅན་ལྟེང་རྒྱས་འོད་སྲུངས་ཉིད་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་སྙམ་མོ།། དེ་ནས
368b7 བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷ་འི་བྲམ་ཟེ་དང་ཁྱིམ་བདོག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ཏེ། དེ་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་ལ་ཚིགས་སུ་བཅད་པའི་དབྱངས




iiif viewer powered by OpenSeadragon

368a - 369a

Texts on this page

S205 - mdo chen po gzugs can snying pos bsu ba zhes bya ba