| | e-texts navigator
|
367b1 པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་ཡུལ་མ་ཀ་དྷར་ཡུལ་རྒྱུ་ཞིང་གཤེགས་པ་ན། མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱུག་མའི་ནགས་ཁྲོད་ག་ལ་བ་དེར་གཤེགས་ཏེ།
367b2 དེ་ནས་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས། མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨིག་མའི་ནགས་ཁྲོད་ན་བཞུགས་སོ།། ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས།
367b3 བཅོམ་ལྡན་འདས་དགེ་སློང་སྟོང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ།
367b4 བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷ་ཡུལ་རྒྱུ་ཞིང
367b5 གཤེགས་པ་ནཱ། མཱ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱུག་མའི་ནགས་ཁྲོད་ག་ལ་བ་དེར་གཤེགས་ཏེ། དེ་ནས་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས། མུ་ག་དྷཱ་པ་རྣམས་ཀྱི་མཆོད
367b6 རྟེན་རབང་བརྟན་གྱི་སྨྱུག་མའི་ནགས་ཁྲོད་ན་བཞུགས་སོ་ཞེས་ཐོས་སོ། ། ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཤིང་རྟ་ཁྲི་ཉིས་སྟོང་དང་། རྟའི་ཉྩ
367b7 ཚན་ཁྲི་བརྒྱད་སྟོང་དང་། ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་ལ་འགྲོ་བའི་ཕྱིར་རྒྱལ་པོའི་ཁབ་ནས
iiif viewer powered by OpenSeadragon
367a - 368a