| | e-texts navigator
|
364a1 ཤོག། མཚན་མོ་བདེ་ལེགས་ཉིན་བདེ་ལེགས།། ཉི་མགུང་ལ་བདེ་ལེགས་ཤིང་།། ཁྱེད་ཅག་ཀུན་ཏུ་བདེ་ལེགས་ལ།། ཁྱེད་ལ་སྡིག་པ་མ་བྱུང་ཞིག། ཇི་ལྟར་ཞིང
364a2 ནི་ཕུན་སུམ་ལ། ། ས་བོན་ཕུན་སུམ་ཚོགས་བཏང་ཅིང་།། ཆར་པ་ཕུན་སུམ་ཚོགས་གྱུར་ན།། ལོ་ཏོག་ཕུན་སུམ་ཚོགས་པར་གྱུར།། གནོད་མེད་ཕུན་སུམ་ཚོགས་གྱུར་ཅིང་།། སྐྱེ་བ་ཕུན་སུམ
364a3 ཚོགས་གྱུར་ལ། ། རྒྱས་པ་ཕུན་སུམ་ཚོགས་གྱུར་ན།། ལོ་ཏོག་ཕུན་སུམ་ཚོགས་གྱུར་ལྟར།། དེ་བཞིན་ཚུལ་ཁྲིམས་ཕུན་ཚོགས་ལ།། ཁྭ་ཟས་ཕུན་སུམ་ཚོགས་བྱིན་ཞིང་།། ཕུན་སུམ་ཚོགས
364a4 ཕྱིར་དེ་བྱས་ན། ། ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར།། དེའི་ཕྱིར་ཕུན་སུམ་ཚོགས་འདོད་ཅིང་།། ཕུན་སུམ་ཚོགས་དོན་གང་ཟག་གི། ཤེས་རབ་ཕུན་ཚོགས་བསྟན་གྱུར་ན།། དེས་ནི
364a5 ཕུན་སུམ་ཚོགས་པ་གྲུབ། ། དེ་ཕྱིར་བླ་མེད་སངས་རྒྱས་དང་།། ཆོས་དང་དགེ་འདུན་དག་ལ་ནི།། བསྟན་པ་དད་པ་སྐྱེད་བྱེད་པ།། དེ་སེམས་ཕུན་སུམ་ཚོགས་པར་འགྱུར།། རིག་དང་ཞབས
364a6 སུ་ལྡན་པ་ལ། ། ཕུན་སུམ་ཚོགས་པའི་སེམས་ཐོབ་ནས།། དགེ་བའི་ལས་རྣམས་བྱེད་གྱུར་པ།། ད་ནི་ཕུན་སུམ་ཚོགས་པའི་ལས།། འཇིག་རྟེན་ཡང་དག་བཞིན་ཤེས་ན།། ལྟ་བ་ཕུན་སུམ
364a7 ཚོགས་པ་ཐོག། འཕགས་ཤིང་མཐོང་བ་ཕྲན་ཚོགས་ན།། ཡིད་ནི་ཕུན་སུམ་ཚོགས་པར་འགྱུར།། དྲི་མ་ཐམས་ཅད་བཅོམ་བྱས་ཤིང་།། མྱ་ངན་འདས་པ་ཕུན་སུམ་ཐོག། སྡུག་བསྔ།
iiif viewer powered by OpenSeadragon
363b - 364b