e-texts navigator
Collection
Volume
Page
Wylie

363a1 སྤྱོད་པཱ་སྟེ། དགེ་འདུན་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པུ་དག་ཀྱང་ཡོད། དགེ་འདུན་ལ་རྒྱུན་དུ་ཞུགས་པ་དག་ཀྱང་ཡོད།
363a2 འདུན་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མི་འོང་བའི་འབྲས་བུ
363a3 མངོན་སུ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མི་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད
363a4 དགེ་འདུན་ལ་དགྲ་བཅོམ་པ་དག་ཀྱང་ཡོད། ། དེ་དག་ནི་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དེ་ནི། ཚུལ་ཁྲིམས་ཕུན
363a5 སུམ་ཚོགས་པ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བུ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ
363a6 ཚོགས་པ། ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་སྤོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང
363a7 བླ་ན་མེད་པ། འཇིག་རྟེན་གྱི་ཡོན་གནས་ཡིན་ནོ་ཞེས་དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། ཚོང་པ་དག་པོ་ཚེ་ཁྱེད་ཀྱིས་དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས




iiif viewer powered by OpenSeadragon

362b - 363b

Texts on this page

S203 - mdo chen po rgyal mtshan mchog ces bya ba