| | e-texts navigator
|
267b1 དཔའ་གཅིག་བྱང་ཆུབ་སེམས་དཔའ་ལས་ཉམས་པར་བྱས་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ།། འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི
267b2 རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་རང་སངས་རྒྱས་རྣམས་ཀྱི་རྙེད་པ་དང་བཀུར་སྟི་གཅད་པའི་ཕྱིར་རྙེད་པ་དང་བཀུར་སྟི་ལ་སེར་སྣའི་སེམས་བསྐྱེད་ཅིང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེ་དག
267b3 གི་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མ་ཡིན་པ་བསླགས་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཅིག་གི
267b4 རྙེད་པ་དང་བཀུར་སྟི་གཅད་པའི་ཕྱིར་རྙེད་པ་དང་བཀུར་སྟི་ལ་སེར་སྣའི་སེམས་བསྐྱེད་ཅིང་། བསྔགས་པ་མ་ཡིན་པ་བསྒྲགས་ན། འདི་ནི་དེ་བས་རེས་སྡིག་པ་གྲངས་མེད་པ་བསྐྱེད་དོ།། འཇམ
267b5 དཔལ་གང་ལ་ལ་ཞིག་གིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་ཐ་ན་ཆུ་རའི་ནུ་ཙམ་བྱིན་ནའང་ལས་དེས་དེ
267b6 འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་མ་མྱོང་བར་འགྱུར་ལ། བྱང་ཆུབ་སེམས་དཔའ་ཀློག་པ་དང་ཁ་ཏོན་བྱེད་པ་ལ་མོས་པ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་དེ་སྐུད
267b7 ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ
iiif viewer powered by OpenSeadragon
267a - 268a