e-texts navigator
Collection
Volume
Page
Wylie

266a1 བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་བྱུང་ལ། རིགས་ཀྱི་བུ་འམ། རིགས
266a2 ཀྱི་བུ་མོ་གཞན་ཞིག་གིས་ནི་ཁྲོས་ཏེ་གནོད་སེམས་ཀྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་བལྟས་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ།། འཇམ་དཔལ་ནན་གྱིས་དཔེར་བྱས་ན། གལ
266a3 ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་ལ། དེ་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བྱམས་པའི་སེམས་ཀྱིས་མིག
266a4 བསྐྱེད་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་བལྟས་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲང
266a5 མེད་པ་བསྐྱེད་དོ། ། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་རམ་ཇུག་པ་ལས། བཙོན་ནས
266a6 ཐར་པར་བྱས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བདེ་བ་ལ་བཀོད་ཅིང་། འཁོར་ལོས་སྒྱུར་བའི་བདེ་བ་ལའང་བཀོད་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ
266a7 ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་མཐོང་བར་འདོད་ཅིང་། དགའ་བའི་སེམས་ཀྱིས་དེའི་བསྔགས་པ་བརྗོད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ




iiif viewer powered by OpenSeadragon

265b - 266b

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo