e-texts navigator
Collection
Volume
Page
Wylie

264b1 ཅད་ཟིལ་གྱིས་མནན་ནས་ལྷང་ངེར་འདུག་གོ། ། འཛུམ་དཔལ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན
264b2 ནོ། ། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ
264b3 སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་བཅས་པ་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཕུལ་ཞིང་། ལྷའི་ན་བཟའ་དག་ཀྱང་ཕུལ་ཏེ། དེ་ལྟར་སྦྱིན་པ
264b4 བསྐལ་པ་ག་དྷཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པར་བྱེད་ན། འདི་ནི་དེ་བས་ཆེས་བསོད
264b5 ནམས་གྲངས་མེད་པ་བསྐྱེད་པར་གྱུར་ན། གང་གིས་ཡི་གེར་འདྲི་བ་འམ། ཡི་གེ་ར་འདྲིར་འཇུག་པ་འམ། སྟོན་པར་བྱེད་པ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ
264b6 པར་འགྱུར་བའི་བསོད་ནམས་ཆེས་མང་དུ་བསྐྱེད་དོ། ། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྡང་བའི་སེམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ
264b7 མེད་པ་དག་གི་ཟས་དང་གོས་བཅས་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཁྲོས་ཏེ་སྡང་བའི་སེམས་ཀྱིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་ཟན




iiif viewer powered by OpenSeadragon

264a - 265a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo