e-texts navigator
Collection
Volume
Page
Wylie

263b1 དུ་བཅུག་ལ། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ཀྱི་གནས་འཛམ་བུའི་ཆུ་བོའི་གསེར་ལས་བྱས་ལ། ནོར་བུ་རིན་པོ་ཆེ་སྲོག་གི་སྒྲོན་མས
263b2 སྦསྨྲས་པ། ནོར་བུ་རིན་པོ་ཆེ་སྣང་བ་ཐམས་ཅད་བརྩེགས་པའི་སྟེགས་བུས་བསྐོར་བ། ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེའི་ཆུན་པོས་མཛེས་པར་བྱས་པ། གདུགས་དང་།
263b3 རྒྱལ་མཚན་དང་། བ་དན་བསྒྲེང་བ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དྲ་བས་བཀབ་པ། དྲིལ་བུ་ག་ཡར་ཀའི་དྲ་བའི་བླ་རེ་བྲེས་པ། ཙན་དན་སྦྲུལ་གྱི་སྙིང་པོས་བྱུགས་པ། མེ
263b4 ཏོག་མནྡཱ་ར་བ་དང་། མནྡ་ར་བ་ཆེན་པོ་དང་། མཉྫུ་ཤ་ཀྲ་དང་། མཉྫུ་ཤ་ཀ་ཆེན་པོ་དང་། སྣ་མའི་མེ་ཏོག་དང་། ཀླུ་ཤིང་གི་མེ་ཏོག་དང་། ཏར་ནི་བར་ན་དང་། གོ་ཏ་ར་ནི
263b5 དང་། དྲི་མཆོག་དང་། དྷ་ནུ་དྷ་རི་དང་། བྷཱུའི་རྫ་མའི་མེ་ཏོག་དང་། ཨུཏྤལ་དང་། པདྨ་དང་། སུ་བུད་དང་། པདྨ་དཀར་པོ་དང་། མེ་ཏོག་ཆེན་པོ་རྣམས་བཀྲམ་པར་བྱེད
263b6 བཅུག་སྟེ། རང་སངས་རྒྱས་དེ་དག་ལ་ལྒའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། བྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་ཀངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ།
263b7 རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སངས་རྒྱས་ཞེས་བྱ་བ་འམ། ཐམས་ཅད་མཁྱེན་པ་ཞེས་བྱ་བ་འམ། འཇིག་རྟེན་གྱི་མགོན་པ་ཞེས་བྱ་བའི་བླ་ཐོས་སམ། རི་མོ




iiif viewer powered by OpenSeadragon

263a - 264a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo