e-texts navigator
Collection
Volume
Page
Wylie

262b1 ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ།། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་འམས།
262b2 ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་གླང་པོ་ནེའི་ཤིང་རྟས་འགྲོ་ལྟབུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱེད
262b3 དེ་ལྟར་སྦྱིན་པ་བསྐལ་བ་པདྨའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བྲུ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ
262b4 ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ།། འཇམ་དཔའ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་འམ
262b5 ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཟླ་བ་དང་ཉི་མས་འཚོ་བལྟ་བུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང
262b6 བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྐྱེད་དུ་བྱིན་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་གས་ནི། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས
262b7 དཔའ་གཅིག་ལ་ཞིན་གོ་ཅིག་ཟན་གཅིག་བྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ།། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས




iiif viewer powered by OpenSeadragon

262a - 263a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo