| | e-texts navigator
|
261b1 ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་དགྲ་བཅོམ་པ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ།། འཇམ་དཔལ་རིགས་ཀྱི
261b2 བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྐད་ཀྱི་དགྲ་བཅོམ་པ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན
261b3 པ་བྱིར་ཞིང་། ལྷའི་ཟས་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། རང་སངས་རྒྱས
261b4 གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ།། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞག་གིས་ཕྱོགས་བཅུའི་འཇིག
261b5 རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིནི་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ
261b6 པ་གངྒཱའི་ཀླུང་གི་བྱེ་བ་སྙེད་དུ་བྱིན་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་རའི་ཤིང་རྟས་འགྲོ་བ་ལྟ་བུའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན།
261b7 འདི་ནི་དེ་བས་རྗེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གི་ཚེ་གང་དང་གང་ལ་བཙམས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད
iiif viewer powered by OpenSeadragon
261a - 262a