| | e-texts navigator
|
261a1 ཀ་ཡི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྐྱེད་ཀྱི་རྒྱུན་དུ་ཞུགས་པ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོབ
261a2 དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ལན་ཅིག་ཕྱིར
261a3 འོང་བ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ།། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞཞིག་གིས་ཕྱོགས
261a4 བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ལནྡ་ཅིག་ཕྱིར་འོང་བ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ།
261a5 དེ་ལྟར་སྦྱིན་པ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྐད་དུ་བྱིན་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཕྱིར་མི་འོང་བ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ
261a6 བས་རྗེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། ། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ
261a7 སྙེད་ཀྱི་ཕྱིར་མི་འོང་བ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། ད་ལྟར་སྦྱིན་པ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས
iiif viewer powered by OpenSeadragon
260b - 261b